དབུ་ཤོག
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-16

    གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ་དང་སླད་ཕྱིན་གྱི་གནམ་གཤིས་འགྱུར་ལྡོག

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ།(2020ལོའི་ཟླ་6ཚེས་15ནས་ཟླ་6ཚེས་21ཉིན་བར)

    ཉིང་ཁྲི་དང་། ནག་ཆུ། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཐོལ་ཆར་འབབ་རྒྱུ།

    གཟའ་ལྷག་པ་དང་གཟའ་ཕུར་བུར། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་པ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་ཆབ་མདོའི་བྱང་རྒྱུད་དུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་ཆུང་བ་འབབ་རྒྱུ།

    གཟའ་པ་སངས་ནས་གཟའ་ཉི་མ་བར། གཞིས་རྩེའི་ལྷོ་རྒྱུད་དང་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ནག་ཆུ་དང་ཆབ་མདོའི་བྱང་རྒྱུད་དུ་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ།

    གཉིས། གྲོས་འགོ

    གཅིག གཟའ་འཁོར་འདིའི་ནང་ཤར་རྒྱུད་དང་ལྷོ་རྒྱུད་ཀྱིས་ཤྭ་འོད་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོཌ་ཀྱི་ས་གཤིས་ཀྱི་གནོད་འཚེར་འགོག་ཟོན་བྱེད་དགོས།

    གཉིས། ཕྱི་དྲོ་ནས་ས་སྲིབ་ཙམ་དུ་འབྲུག་སྒྲ་གྲཌ་པ་དང་། གློག་དམར་འཁྱུག་པ། སེར་བ་བབས་པ་སོགས་ཀྱི་དུས་ཐུང་གི་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་བསྟན་སླ་བས་འགོག་ཟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།