དབུ་ཤོག
  • འཛམ་གླིང་གི་ཁྲག་སྦྱིན་ཉིན་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-16

    ཟླ་6ཚེས་14ཉིན་ནི་འཛམ་གླིང་གི་ཁྲག་སྦྱིན་ཉིན་མོ་ཡིན། (ཟླ་6ཚེས་14ཉིན་ནི་ཁྲག་རིགས་ABOམ་ལག་ཤེས་རྟོགས་བྱུང་མཁན་ཁའར·ལན་ཏེ་སི་ཐན་ནཱའི་འཁྲུངས་སྐར་ཡིན་ལ། མི་སྔར་ལས་མང་བས་རིན་མེད་ཁྲག་སྦྱིན་རྒྱུར་ལྕག་སྐུལ་དང་། གོ་ལ་ཧྲིལ་པོའི་ཟུངས་ཁྲག་བདེ་འཇགས་ཐད་ཀྱི་འཆར་འགོད་དྲིལ་བསྒྲགས་དང་དེར་སྐུལ་འདེད་གཏོང་ཆེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་། རྒྱ་གྲམ་དམར་རྟགས་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས། རྒྱལ་སྤྱིའི་ཁྲག་སྦྱིན་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས། རྒྱལ་སྤྱིའི་ཁྲག་འདྲེན་མཐུན་ཚོགས་བཅས་ཀྱིས་ཉིན་མོ་དེ་འཛམ་གླིང་གི་ཁྲག་སྦྱིན་ཉིན་མོ་དང་པོར་གཏན་འཁེལ་བྱས་པ་རེད)

    གཙང་སྦྲ་ལྡན་པའི་སྒོ་ནས་འཁྲིག་སྤྱོད་ཀྱི་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱེད་དགོས་སམ།

    འཁྲིག་སྤྱོད་ཀྱི་སྔ་རྗེས་སུ་མཚན་མ་འཁྲུད་རྒྱུ་དེ་མི་རྣམས་ཀྱི་གཙང་སྦྲའི་གོམས་གཤིས་ཡག་པོ་ཞིག་ཏུ་འགྱུར་དགོས་ངེས་ཤིག་རེད། དེ་ལྟར་བྱས་ན་གཅིན་ལམ་དང་སྐྱེ་ལམ་དུ་གཉན་ཁ་མི་རྒྱས་པར་ནད་རིགས་མང་པོ་སྔོན་འགོག་ཐུབ་སྟེ་བདེ་ཐང་དང་འཁྲིག་སྤྱོད་ལ་ཕན་པ་ཡོད། ཡིན་ན་ཡང་འཚོ་བ་དངོས་ཀྱི་ཁྲོད་དུ། འཁྲུད་མ་འདོད་པའམ་ཡང་ན་རྒྱུན་ཤེས་འདི་མ་རྟོགས་པའི་དབང་གིས་མི་མང་པོ་ཞིག་ལ་གོམས་གཤིས་འདི་འཇགས་མེད།

    འཁྲིག་པ་མ་སྤྱད་གོང་ཕོ་མོ་གཉིས་ཀའི་མཚན་མ་བཀྲུས་ན་གཉན་ཁ་རྒྱས་རྒྱུ་སྔོན་འགོག་བྱེད་ཐུབ། ཕོ་མཚན་གྱི་དཀྲེ་པགས་བར་དུ་དྲེག་དཀར་དང་། བུད་མེད་ཚོའི་མཚན་མའི་སུལ་དང་གཞང་མཐའ་སོགས་སུ་ཡང་ནད་དུག་མང་པོ་ཡོད་པས། འཁྲིག་པ་སྤྱོད་སྐབས། ནད་དུག་མང་པོ་བུད་མེད་ཀྱི་མཚན་མའམ་གཅིན་ལམ་དུ་འཛུལ་ཚེ་གཉན་ཁ་རྒྱས་ནས། སྐྱེ་སྒོའི་གཉན་ཚད་དང་། མཚང་ཁོག་གཉན་ཚད། གཅིན་ལམ་གཉན་ཚད། ལྒང་བུའི་གཉན་ཚད་སོགས་ན་གི་ཡོད། གལ་སྲིད་འཁྲིག་པ་མ་སྤྱད་གོང་ཕོ་མོ་གཉིས་ཀས་མཚན་མ་ཡག་པོ་བཀྲུས་ཚེ། གཉན་ཁ་རྒྱས་པའི་ཉེན་ཁ་དེ་བས་ཆུང་དུ་འགྲོ་གི་རེད།

    འཁྲིག་པ་སྤྱད་རྗེས་གཅིན་པ་ཐེངས་གཅིག་བཏང་ན་གཅིན་ལམ་གཙང་བཤལ་བྱེད་པ་ཡིན་ཏེ། འབུ་ཕྲ་ཁག་ཅིག་གཅིན་པ་དང་མཉམ་དུ་ཕྱིར་ཐོན་གྱི་ཡོད་པས་བུད་མེད་ཚོའི་ངོས་ནས་བརྗོད་ན་གལ་ཆེན་པོ་ཡིན། དེ་རྗེས་ཆུ་དྲོད་འཇམ་གྱིས་བཀྲུས་ཚེ་གཅིན་ལམ་ལ་གཉན་ཁ་རྒྱས་རྒྱུ་སྔོན་འགོག་བྱེད་ཐུབ།

    གལ་སྲིད་མཚན་མར་གཙང་སྦྲ་བྱས་དྲགས་ན་གནོད་པ་ཅི་ཞིག་ཡོད།

    སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོ་རུ་ཕྱིན་པ་དང་བསྟུན་ནས། བུད་མེད་མང་པོ་ཞིག་གིས་རང་ངོས་ཀྱི་བདེ་ཐང་ལ་དོ་ཁུར་བྱས་ཏེ། དགོང་མོར་རྟག་ཏུ་དུག་སེལ་སྲིན་འགོག་གི་གཙང་འཁྲུད་གཤེར་ཁུ་སྤྱད་དེ་མཚན་མ་བཀྲུ་བ་དང་འཁྲིག་པ་སྤྱད་རྗེས་གཙང་འཁྲུད་ཀྱང་བྱེད་ཀྱི་ཡོད། འོན་ཀྱང་མཚན་མར་སྔར་བཞིན་གཉན་ཁ་རྒྱས་དོན་ནི་གཙང་སྦྲ་བྱས་དྲགས་པའི་རྐྱེན་གྱིས་བྱུང་བ་ཡིན་པ་ཤེས་ཀྱི་མེད།

    བུད་མེད་ཀྱི་མཚན་མའི་ཕྱི་ནང་ཀུན་ཏུ་འབུ་ཕྲ་མང་པོ་ཡོད་ཀྱང་། དེ་དག་ཚང་མས་ནད་སློང་བའི་ངེས་པ་མེད། དེ་དག་ཁྲོད་དུ་ནད་རྒྱུའི་འབུ་ཕྲ་དང་ནད་རྒྱུ་མ་ཡིན་པའི་འབུ་ཕྲ་སྟེ་རིཌ་གཉིས་ཡོད་པ་ལས་ཕན་ཚུན་ཚོད་འཛིན་བྱས་ནས་ནད་སློང་གི་མེད། གལ་སྲིད་རྟག་པར་དུག་སེལ་སྲིན་འགོག་གཤེར་ཁུས་བཀྲུས་ཚེ་ནད་རྒྱུའི་འབུ་ཕྲ་མང་དུ་ཕྱིན་ནས། མཚན་མར་ནད་གཞི་མང་པོ་ཞིག་ཐོན་གྱི་ཡོད་པ་རེད།

    ཟླ་མཚན་འབབ་སྐབས་འཁྲིག་པ་སྤྱོད་མི་ཉན་པའི་རྒྱུ་མཚན་ཅི་ཡིན།

    ཟླ་མཚན་འབབ་སྐབས་བུད་མེད་ཀྱི་གཟུགས་པོ་དུས་རྒྱུན་དང་མི་འདྲ་སྟེ། གཅིག་ནས་ཀླད་པའི་སྐྱི་རིམ་གྱི་ངར་ལངས་རང་བཞིན་དམའ་རུ་དང་གཟུགས་པོ་ཡོངས་ཀྱི་ནད་འགོག་ནུས་པ་ཆུང་དུ་འགྲོ་བ་དང་། གཉིས་ནས་བུ་སྣོད་ཀྱི་ནང་སྐྱི་ཤོར་ནས་ཁྲག་དོན་པ་དང་། མངལ་ཁ་འབྱེད་པ། མོ་མཚན་ནང་གི་སྐྱུར་བུལ་འདུས་ཚད་དམའ་རུ་འགྲོ་གི་ཡོད་པས། གལ་སྲིད་ཟླ་མཚན་འབབ་སྐབས་འཁྲིག་པ་སྤྱད་ཚེ། མཚན་མར་ཁྲག་རྒྱས་ནས་ཟླ་མཚན་འབབ་ཚད་མང་དུ་དང་འབབ་ཡུན་རིང་དུ་འགྲོ་བ་དང་། གལ་སྲིད་མཚན་མའི་ནང་དུ་འབུ་ཕྲ་འགོས་ཚེ། བུ་སྣོད་ཀྱི་ནང་སྐྱི་དང་མཚང་ཁོག་ཏུ་གཉན་ཁ་རྒྱས་ནས། དུས་ཡུན་རིང་པོར་ན་ཚའི་སྡུག་བསྔལ་མྱོང་དགོས། ཟླ་མཚན་འབབ་སྐབས་གཟུགས་པོའི་ནད་འགོག་ནུས་པ་སྐྱོ་བས་རྐྱེན་གཅིན་ལམ་ལ་གཉན་ཁ་རྒྱས་སླ། གལ་སྲིད་སྐྱེས་པའི་གཅིན་ལམ་དུ་ཟླ་མཚན་འཛུལ་ཚེ་སྐྱེས་པའི་གཅིན་ལམ་དུ་ཡང་ནད་རྟགས་ཐོན་སྲིད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།