དབུ་ཤོག
  • དབྱར་ཁ་ལུས་སྦྱོང་འདི་འདྲ་བྱས་ན་ཕན་པ་ཆེ་བ་ཁྱེད་ཀྱིས་ཤེས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-15

    འཆམ་འཆམ་བྱེད་པ།

    1.gif

    འཆམ་འཆམ་འོས་འཚམ་བྱེད་པ་ནི་དབྱར་ཁའི་ལུས་སྦྱོང་ཡག་ཤོས་གྲས་ཤིག་རེད་ལ། རྒན་དར་གཞོན་གསུམ་ཚང་མར་འཚམ་པོ་ཡོད།  ང་ཚོས་རང་ཉིད་ཀྱི་ལོ་ཚོད་དང་། གཟུགས་པོར་གཞིགས་ཏེ་འཆམ་འཆམ་འོས་འཚམ་བྱེད་དགོས། དོ་སྣང་བྱེད་དགོས་པ་ཞིག་ལ། གལ་སྲིད་ཁྱེད་རང་འཆམ་འཆམ་དུ་ཕེབས་དུས་མགོ་ན་བ་དང་། ངལ་དུབ་ཆེ་བ་སོགས་བྱུང་ཚེ་ངལ་གསོ་ཏོག་ཙམ་བརྒྱབ་ན་ཡག་པོ་ཡོད།

    ཆུ་རྐྱལ་རྒྱག་པ།

    2.gif

    ཆུ་རྐྱལ་རྒྱག་པ་ནི་ལག་པ་དང་། རྐང་པ། རྐེད་པ་སོགས་ལ་སྦྱོང་བརྡར་ཡོད་པ་དང་། སྙིང་དང་ཀླད་པ། གློ་བ། མཆིན་པ་སོགས་དང་། ལྷག་པར་དུ་ཁྲག་འཁོར་རྒྱུག་ལ་ཧ་ཅང་ཕན་པའི་ལུས་སྦྱོང་བྱེད་སྟངས་ཤིག་རེད། དེས་ན། མི་མང་པོ་ཞིག་གིས་དེར“ཁྲག་རྩའི་སྦྱོང་བརྡར”ཞེས་བརྗོད་ཀྱི་ཡོད། དེས་མ་ཟད། ལུས་པོ་རྒྱགས་པོ་ཡོད་མཁན་ཚོས་ཆུ་རྐྱལ་འོས་འཚམ་བརྒྱབ་ན་སྐམ་དུ་ངེས་ཅན་འགྲོ་སྲིད། ཐེངས་རེར་སྐར་མ་བཅུ་ནས་སུམ་ཅུ་དང་། གཟའ་འཁོར་རེར་ཐེངས་གཉིས་གསུམ་བྱས་ན་འཚམ་པོ་ཡོད།  འོན་ཀྱང་། དགོང་མོའི་ཆུ་ཚོད་10པའི་རྗེས་སུ་ཆུ་རྐྱལ་བརྒྱབ་ཚེ། གཉིད་མི་ཁུག་པའི་གནས་ཚུལ་ཀྱང་ཐོན་སྲིད།

    བྱ་སྒྲོའི་སྤོ་ལོ་རྒྱག་པ།

    3.gif

    བྱ་སྒྲོའི་སྤོ་ལོ་ནི་ལུས་པོ་ཡོངས་ལ་སྦྱོང་བརྡར་ཐུབ་པའི་ལུས་རྩལ་ཞིག་རེད། བྱ་སྒྲོའི་སྤོ་ལོ་འོས་འཚམ་རྩེད་ན་གཟུགས་པོ་བདེ་ཐང་ཡོང་བ་དང་མཇིང་ཚིགས་ཀྱི་ནད་སྔོན་འགོག་ངེས་ཅན་ཐུབ་སྲིད། ལྷག་པར་དུ་ལུས་ཀྱི་དུག་རྒྱུ་ཕྱིར་འཕུད་རྒྱུར་སྐུལ་འདེད་གཏོང་ཐུབ། བྱས་ཙང་། གཞོན་ནུ་ཚོས་ཐེངས་རེར་སྐར་མ་40ནས་50བར་དང་། རྒན་རྒོན་དང་ལུས་སྟོབས་ཅུང་ཞན་པས་སྐར་མ་20ནས་30བར་བརྒྱབ་ན་འཚམ་པོ་ཡོད།

    ཡོ་ག་རྩེ་བ།

    4.gif

    ཡོ་ག་རྩེད་པ་ནི་དབྱར་ཁའི་ལུས་སྦྱོང་གི་གདམ་ག་ཡག་ཤོས་ཤིག་རེད། དབྱར་དུས་ནི་མིའི་ལུས་པོའི་མཉེན་ཆ་ཆེ་ཤོས་ཀྱི་དུས་ཤིག་ཡིན་ཞིང་། ཚིགས་འཆུས་པ་སོགས་ཐོན་མི་སླ། ཡོ་ག་ཁོག་པ་སྟོང་པར་རྩེད་ན་ཕན་ནུས་ཆེ་བ་དང་། ཡག་ཤོས་བྱུང་ན་ཁ་ལག་བཟས་ནས་ཆུ་ཚོད་གཉིས་གསུམ་ཙམ་གྱི་རྗེས་དང་། ཡང་ན་ཡོ་ག་བརྩེས་ནས་ཆུ་ཚོད་ཕྱེད་ཀ་ཙམ་སོང་རྗེས་ཁ་ལག་བཟས་ན་ཡག་པོ་ཡོད། ད་དུང་། ཡོ་ག་བརྩེས་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་གཟུགས་པོ་འཁྲུད་མི་རུང་།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།