“ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཀྲུང་གོའི་དམག་དཔུང་གིས་རྒྱལ་སྤྱིའི་གེགས་སེལ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་ནང་ཧུར་ཐག་ཞུགས་ནས་རྒྱལ་ཁབ་ཆེན་པོའི་དམག་དཔུང་གི་འགན་འཁྲི་ཁུར་སེམས་གང་ལེགས་མངོན་ཡོད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དམག་དོན་ཚན་རིག་ཁང་གི་ཆེས་དམིགས་གདན་ཞུས་དབུ་བཞུགས་རིགས་གཅིག་མཁས་ཅན་ཧོ་ལེ་ཡིས་ཟླ་6ཚེས་1ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅའ་འདྲི་དང་ལེན་གནང་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས་དེ་གོང་ཀྲུང་དབྱང་དམག་ཨུད་ཀྱིས་རང་རེའི་དམག་དཔུང་གི་རིམས་འགོག་སྨན་བཅོས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཨུ་རུ་སུ་དང་། ཕ་ཁི་སི་ཐན། ལྷོ་ཨ་ཧྥེ་རི་ཁ། ཡུག་རེན་སོགས་རྒྱལ་ཁབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་སྤེལ་རེས་ཀྱི་བརྙན་ལམ་ཚོགས་འདུ་འཚོགས་པ་མ་ཟད། འབར་མ་དང་། ལོ་སི། ཁམ་ཕུ་ཁྲེ། ཕ་ཁི་སི་ཐན་སོགས་ལ་དམག་དཔུང་གི་རིམས་འགོག་རིགས་གཅིག་མཁས་ཅན་ཚོགས་ཆུང་བཏང་བ་དང་མཁའ་དམག་གི་གནམ་གྲུ་སོགས་བྱ་ཐབས་སྣ་མང་ཐོག་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་དམག་དཔུང་ལ་རིམས་འགོག་དངོས་ཟོག་རོགས་སྐྱོར་བྱས་ནས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད་པ་རེད།
2019ལོའི་ཟླ་7པར་ཀྲུང་གོ་སྲིད་གཞུང་གིས་བཀྲམ་པའི《དུས་རབས་གསར་པའི་ཀྲུང་གོའི་རྒྱལ་སྲུང》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་འཛམ་གླིང་ཡོངས་ལ“ཀྲུང་གོའི་དམག་དཔུང་གིས་རྒྱལ་སྤྱིའི་འགན་འཁྲི་དང་འོས་འགན་ལག་བསྟར་མཐའ་འཁྱོངས་བྱེད་པ་དང་ནུས་པས་ལྕོགས་ཚོད་ཀྱི་ཁྱབ་ཁོངས་ནང་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྱི་པའི་བདེ་འཇགས་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱས་པ་མ་ཟད། རྒྱལ་སྤྱི་ཞི་བདེ་སྲུང་སྐྱོང་དང་། མཚོ་འགྲུལ་སྲུང་སྐྱེལ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་སོགས་ནང་ཧུར་ཐག་ཞུགས་པ”ཁྱབ་བསྒྲགས་ནན་པོ་བྱས་པ་རེད།
ཧོ་ལེ་ཡིས་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་དམག་དཔུང་གིས་རྒྱལ་སྤྱིའི་གེགས་སེལ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ནང་ཧུར་ཐག་ཞུགས་ནས་ཆེད་ལས་ཀྱི་རོགས་སྐྱོབ་རུ་ཁག་གེགས་བར་བྱུང་བའི་རྒྱལ་ཁབ་ལ་རོགས་སྐྱོབ་བྱེད་པར་བཏང་བ་དང་རོགས་སྐྱོབ་དངོས་ཟོག་སྤྲད་པ་དང་སྨན་བཅོས་རོགས་སྐྱོར་བྱས་ནས་རོགས་སྐྱོབ་དང་གནོད་འཚེ་ཉུང་གཏོང་གི་རྒྱལ་སྤྱིའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཆེན་པོའི་དམག་དཔུང་གི་འགན་འཁྲི་ཁུར་སེམས་གང་ལེགས་མངོན་ཡོད་ཅེས་བརྗོད་པ་རེད།
2012ལོ་ནས་བཟུང་ཀྲུང་གོའི་དམག་དཔུང་གིས་མ་ལེ་ཞི་ཡའི་འབྲེལ་ཆད་དུས་གཏན་གནམ་གྲུ་MH370འཚོལ་སྐྱོབ་དང་། ཧྥི་ལི་ཕིན་དུ་རྒྱ་མཚོའི་རླུང་འཚུབ“ཧའེ་ཡན”ལྡང་སྐབས་རོགས་སྐྱོབ། ཨ་ཧྥེ་རི་ཁ་ནུབ་མས་ཨའེ་པོ་ལ་རིམས་ནད་འགོག་རྒོལ། མར་ཏི་ཝེར་ཆུ་དཀོན་པའི་གནས་ཚུལ་ཐོན་སྐབས་ཀྱི་རོགས་སྐྱོབ། ནེ་པ་ལའི་ཡོམ་འགོག་གེགས་སེལ། ལོ་སིའི་ཆུའི་གནོད་འཚེ་ཆུ་རགས་ལོག་པར་རོགས་སྐྱོབ་སོགས་ནང་ཞུགས་པས་དོན་རྐྱེན་ཐོན་སའི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད།
ཀྲུང་གོའི་མཚོ་དམག་གི“ཞི་བདེའི་གྲུ་ཆེན”རྟགས་ཅན་གྱི་སྨན་ཁང་གྲུ་གཟིངས་ནི་ཀྲུང་གོས་བཟོས་པའི་ཐག་རིང་རྒྱ་མཚོ་ཆེན་པོར་བསྐྱོད་པའི་སྨན་ཁང་གྲུ་གཟིངས་དང་པོ་དེ་ཡིན་ཞིང་། དཔུང་རུར་ཞུགས་རྗེས་སྨན་ཁང་གྲུ་གཟིངས་དེས“ཞི་མཐུན་གྱི་འགན་འཁྲི”ལས་འགན་གཙོ་བོར་བྱས་ནས་སྔ་རྗེས་སུ་རྒྱལ་མཚམས་ནས་ཐེངས་9ཐོན་ཏེ་མཚོ་ལེ་ཁྲི་24ཡི་སར་བསྐྱོད་དེ་རྒྱལ་ཁབ་དང་ས་ཁུལ་43གྱི་མི་ཐེངས་ཁྲི་23ལྷག་ཙམ་ལ་ཞབས་འདེགས་ཞུས་པ་མ་ཟད། རྒྱལ་ཁབ་ཀྱི་ཆབ་སྲིད་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ཞབས་འདེགས་ནུས་ལྡན་ཞུས་པས་རྒྱལ་ཁབ་ཕྱི་ནང་གི་བསྔགས་བརྗོད་བཟང་པོ་ཐོབ་ཡོད།
ཉེ་བའི་ལོ་ཤས་རིང་ཀྲུང་གོས་སྔ་རྗེས་སུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡོམ་འགོག་གེགས་སེལ་བཅའ་ཁྲིམས》དང་། 《རང་བྱུང་གནོད་འཚེའི་རོགས་སྐྱོབ་སྲོལ་ཡིག》《དམག་དཔུང་ཉེན་སེལ་གེགས་སེལ་ནང་ཞུགས་པའི་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་70ལྷག་ཙམ་བཟོས་ནས་དམག་དཔུང་ལ་ཐོལ་བྱུང་དོན་རྐྱེན་ཁག་ནང་ཞུགས་པ་དང་ཐག་གཅོད་བྱེད་པའི་འགན་འཁྲི་དང་ལས་འགན་དཀྲིས་པ་དང་དམག་དཔུང་གིས་རང་བྱུང་གནོད་འཚེ་དང་། སྤྱི་པའི་འཕྲོད་བསྟེན། དོན་རྐྱེན་ཚབས་ཆེན། སྤྱི་ཚོགས་ཀྱི་བདེ་འཇགས་དོན་རྐྱེན་སོགས་ལ་ཁ་གཏད་གཅོག་པའི་ཐད་གཏན་འབེབས་ཁ་གསལ་བྱས་པ་དང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།