དབུ་ཤོག>གསར་འགྱུར།
  • མི་རིགས་མཐུན་སྒྲིལ་ལས་དོན་ཏན་ཏིག་དང་གཏིང་ཟབ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཤེ་ཝེ།   |     སྤེལ་དུས།  2020-06-05

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ཏང་གི་མི་རིགས་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་ཁག་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཉམ་དུ་མཐུན་སྒྲིལ་འབད་འབུངས་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས་ཞེས་འཁོད་ཡོད་པ་འདི་ལས། དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པ་མ་ཟད། ད་དུང་དུས་རབས་གསར་པའི་མི་རིགས་ལས་དོན་ལ་བླང་བྱ་གསར་པ་དེ་བས་མཐོ་པོ་བཏོན་ཡོད་པ་རེད།

    གཅིག་ནས་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་གཏིང་ཟབ་སྤེལ་བར་དང་ཐོག་མི་རིགས་ཀྱི་ཤེས་བྱ་དང་མི་རིགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཐོག་གཞི་རིམ་གྱི་མང་ཚོགས་སྐུལ་སློང་བྱས་ནས་སོ་སོའི་ཁྱད་ཆོས་ལྡན་པའི“ཕྲ་ཕུང་འཛུགས་གཏོད”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོའི་ཁྱབ་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོར་སྲུང་སྐྱོང་ནུས་ལྡན་བྱེད་དགོས།

    གཉིས་ནས་རིམ་པ་ཁག་དང་རིགས་ཁག་གི་སྒྲོག་འགྲེལ་ཚོགས་པ་དང་ལྷག་པར་དུ“མི་སེར་སྒྲོག་འགྲེལ་པའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་དང་སྲིད་གཞུང་གིས་ཐུགས་ཁུར་གནང་ལུགས་དང་ཐོན་སྐྱེད་འཚོ་བའི་འགྱུར་ལྡོག་ཆེན་པོ་འགྲེལ་བཤད་གསལ་པོ་རྒྱག་པ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་འགྲེལ་བཤད་ཡང་དག་རྒྱག་པ། མི་རིགས་མཐུན་སྒྲིལ་སྐོར་གྱི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་ལས་དོན་གྱི“མཐའ་མའི་འགག་གནད”ཡག་པོ་སེལ་དགོས།

    གསུམ་ནས་འཛུགས་གཏོད་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་གཏོང་བར། སྙིང་གཏམ་ཤོད་རྒྱུ་གཙོ་བོར་བཟུང་ནས་ཕན་ཚུན་སེམས་སྟོན་རྒྱུ་དང་། དུས་རྒྱུན་གཙོ་བོར་བཟུང་ནས་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། ལས་ཁུངས་དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང) གྲོང་ཚོ(སྡེ་ཁུལ) སློབ་གྲྭ ཁེ་ལས། དམག་སྒར། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་བཅས་སུ་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ཀྱི་བྱེད་སྒོ་ཡག་པོ་སྤེལ་དགོས། བྱིས་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ཡིན་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁྲོད། གཞོན་ནུ་ལོ་ཆུང་གི་སློབ་གསོའི་རྨང་གཞིའི་འདུ་འགོད་ལ་དམ་འཛིན་ཡག་པོ་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། སློབ་གྲྭ་དང་། སྡེ་ཁུལ། ཁྱིམ་ཚང་བཅས་ལ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྤེལ་རྒྱུ་བརྗོད་དོན་གཙོ་བོར་བྱས་ཐོག་སློབ་གྲྭ་འབྲིང་ཆུང་ཁག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་སྤེལ་ནས། གཞོན་ནུ་ལོ་ཆུང་ཚོར་ཆུང་དུས་ནས་ཏང་གི་མི་རིགས་སྲིད་ཇུས་ཀྱི་སློབ་གསོ་མྱོང་དུ་འཇུག་དགོས་པ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་ས་བོན་བཏབ་ནས་མི་རིགས་ཀྱི་འབྲེལ་བ་དང་མི་རིགས་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་་ནས་ཐག་གཅོད་ཡག་པོ་བྱེད་པའི་གཞི་རྩའི་བྱང་ཚད་ལྡན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་ཚད་ལྡན་ཞིག་ཏུ་འགྱུར་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།