དབུ་ཤོག>གསར་འགྱུར།
  • ནག་ཆུ་གྲོང་ཁྱེར་སོག་རྫོང་གིས《སྲོལ་ཡིག》ལག་བསྟར་བསམ་འཆར་སྐོར་ལ་གྲོས་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-06-05

     ཉེ་ཆར་ནག་ཆུ་གྲོང་ཁྱེར་སོག་རྫོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྫོང་ཆོས་ལུགས་ཅུས། རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཀྲི་པུའུ་བཅས་ཀྱིས་ལས་བྱེད་པ་དང་ལས་བཟོ་ཚང་མ་སྒྲིག་འཛུགས་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུ་རྒྱུ)ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་བསྡུར་བྱས་པ་རེད།

    ཚོགས་འདུའི་ཐོག་མ་ཡིག་བརྒྱུད་བསྒྲགས་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལག་བསྟར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་སློབ་སྦྱོང་བྱས་པ་རེད། ཚོགས་ཞུགས་ལས་བྱེད་པས་རང་འཁྲིའི་ལས་ཀ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཐབས་དང་ཇུས་ཧུར་ཐག་བཏོན་ནས་ལག་བསྟར་བསམ་འཆར་གྱི་འབྲེལ་ཡོད་ནང་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ་རེད།

    ཚང་མས《སྲོལ་ཡིག》ལག་བསྟར་བསམ་འཆར་ལ་མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་ལྡན་འདུག སླད་ཕྱིན་རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཁོང་ཚོས《སྲོལ་ཡིག》ལ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་འབད་བརྩོན་བྱས་ཏེ་མི་སེམས་སུ་ཟུག་པ་དང་ཤེས་སྦྱོར་གཅིག་མཐུན་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།