དབུ་ཤོག
  • 2020ལོའི་བོད་ལྗོངས་ཀྱི་འབྲིང་རྒྱུགས་སྐོར་གྱི་ཛ་དྲག་བརྡ་ཐོ་བཏང་འདུག

  • ཡོང་ཁུངས།  བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་།   |     སྤེལ་དུས།  2020-06-04

    རིམས་ནད་སོགས་ཀྱིས་རྐྱེན་པས། འདི་ལོའི་དམའ་འབྲིང་གི་སློབ་ཐོན་སློབ་མ་ཁག་གཅིག་དུས་བཀག་ལྟར་རང་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭར་རྒྱུགས་ཐོ་འགོད་ཐུབ་མེད་པར་བརྟེན། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་འབྲིང་རྒྱུགས་ཀྱི་མིང་ཐོ་འགོད་པའི་དགོས་མཁོ་སྐོང་ཆེད། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དྲ་ཐོག་ནས་མིང་ཐོ་འགོད་པ་དང་ཆ་འཕྲིན་ཞིབ་བཤེར་བྱེད་པའི་དུས་ཚོད་རིང་དུ་འོས་འཚམ་གཏོང་རྒྱུ་རེད་འདུག 

        གཅིག མིང་ཐོ་འགོད་པའི་དུས་ཚོད། ཟླ་6ཚེས་5ཉིན་ནས་ཟླ་6ཚེས་9ཉིན་བར་ཡིན་པ། 

        གཉིས།མིང་ཐོ་འགོད་ཆོག་པའི་སློབ་མ། ཐེམ་ཐོ་བོད་དུ་ཡོད་པའི་ལོ་འདི་གའི་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་ཡིན་པ།

        གསུམ།མིང་ཐོ་འགོད་ཐབས། རྒྱུགས་སྤྲོད་སློབ་མས་ངེས་པར་དུ་ཐེམ་ཐོ་གནས་སའི་སློབ་བསྡུ་གཞུང་ལས་ཁང་དུ་ཡིག་རྒྱུགས་གཏོང་རྒྱུའི་མིང་ཐོ་འགོད་དགོས། 

        བཞི།རྒྱུགས་སྤྲོད་སློབ་མས་ཁ་པར་ཐོག་ནས་ཐེམ་ཐོ་གནས་ཡུལ་གྱི་སློབ་བསྡུ་གཞུང་ལས་ཁང་ལ་མིང་ཐོ་འགོད་པའི་ཨང་གྲངས་དང་གསང་ཨང་རེ་ཞུ་བྱེད་ཆོག གོ་ཆོད་པའི་དུས་ཚོད་ནང་བོད་རང་སྐྱོང་ལྗོངས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ལྗོངས་ཡོངས་ཀྱི་སློབ་བསྡུའི་གཅིག་གྱུར་རྒྱུགས་ལེན་གྱི་སློབ་བསྡུའི་དོ་དམ་མ་ལག(http://zk.zsks.edu.xizang.gov.cn:8082)ནང་གཞི་རྩའི་ཆ་འཕྲིན་དང་ལྗོངས་ནང་ཁུལ་གྱི་མཐོ་རིམ་སློབ་འབྲིང་གི་འདོད་འདུན་ཆ་འཕྲིན་རེའུ་མིག་བསྐངས་རྗེས། ཁ་པར་རམ་གློག་རྡུལ་སྦྲག་སྒམ་སོགས་བརྒྱུད་ནས་མིང་ཐོ་འགོད་སའི་སློབ་བསྡུ་གཞུང་ལས་ཁང་ལ་བརྡ་ལན་སྤྲད་དེ་གློག་རྡུལ་རྣམ་པའི་ཞིབ་དཔྱད་བྱེད་དགོས། རྒྱུགས་སྤྲོད་ཆོག་འཐུས་ལག་ཁྱེར་ལེན་སྐབས། བརྡ་ཐོའི་བླང་བྱ་ལྟར་འབྲེལ་ཡོད་དཔྱད་གཞི་ཐོ་འགོད་བྱ་ཡུལ་གྱི་སློབ་བསྡུ་གཞུང་ལས་ཁང་ལ་སྤྲད་ནས་ཞིབ་དཔྱད་དང་ཉར་ཚགས་བྱེད་དགོས། 

        ལྔ།ས་གནས་ཁག་གིས་ངེས་པར་དུ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འབྲིང་རྒྱུགས་ཀྱི་ལུས་རྩལ་རྒྱུགས་ལེན་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་དགོས། 

        དྲུག རྒྱུགས་གནས་དང་རྒྱུགས་ར་བཀོད་སྒྲིག་སོགས་རྗེས་མཐུད་ཀྱི་འབྲེལ་ཡོད་ལས་དོན་རྣམས་ཟུར་དུ་བརྡ་ཐོ་གཏོང་རྒྱུ་ཡིན་པ་རེད།

    微信图片_20200604103301.jpg

    微信图片_20200604103304.jpg

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།