དབུ་ཤོག
  • ལྷ་སའི་ཇ་ཁང་འདི་དག་ལ་བཅོས་སྒྲིག་བྱས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-06-03

    微信图片_20200603103124.jpg

    ལྷ་སའི་སྲང་ལམ་ཆེ་ཆུང་གང་སར་ཇ་ཁང་མཐོང་རྒྱུ་ཡོད་ལ་མང་ཚོགས་ཚོས་ཀྱང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཇ་ཁང་གི་བཟའ་བཅའི་བདེ་འཇགས་ལེགས་སུ་བཏང་ནས་རྒྱ་ཆེའི་འཛད་སྤྱོད་པར་བློ་བདེ་བག་ཕེབས་ཀྱི་ཁོར་ཡུག་ཅིག་གཏོད་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལག་ལེན་དངོས་ལ་བརྟེན་ནས་གྲོང་མིའི“ལྕེ་ཐོག་གི་བདེ་འཇགས”འགན་ལེན་བྱས་པ་དང་། “ཆེ་གྲས་ཀྱི་དཔེ་སྟོན་ལ་དམ་འཛིན་དང་། འབྲིང་གྲས་ཀྱི་ཚད་ལྡན་ཅན་ལ་དམ་འཛིན། ཆུང་གྲས་ཀྱི་བདེ་འཇགས་ལ་དམ་འཛིན”བཅས་བྱས་པ་བརྒྱུད། ཇ་ཁང་གི་བཟའ་བཏུང་གི་སྤུས་ཚད་ལེགས་སུ་གཏོང་བའི་བྱ་སྤྱོད་རིམ་བཞིན་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དུས་འགོར་ཇ་ཁང་གཉེར་སྐྱོང་གི་གནས་ཚུལ་དང་། མང་ཉུང་དང་གཞི་ཁྱོན། ཇ་ཁང་གནས་ཡུལ་བཅས་ལ་བརྟག་དཔྱད་བྱས་པ་ལས་ཤེས་གསལ། གྲོང་ཁྱེར་ཡོངས་སུ་གཞི་ཁྱོན་སྣ་ཚོགས་ཀྱི་ཇ་ཁང་ཁྱོན་5008ཡོད་ཅིང་། ཁྲེང་ཀོན་ཆུས་ཁོ་ནར་ཇ་ཁང་2751ཡོད་པའི་ཁྲོད་ཇ་ཁང་ཆེ་གྲས་85(ཡན་ལག་ཇ་ཁང་75དང་ཇ་ཁང་གཞན་དག་10)ཡོད་པ་དང་རྫོང་དང་ཆུས་གཞན་དག་ཏུ་ཇ་ཁང་2257ཡོད་པ་རེད། གྲོང་ཁུལ་ནང་མི་མང་བའི་ཇ་ཁང་405ཡོད་པ་དག་གཙོ་བོ་བར་སྐོར་དང་། རྗེ་འབུམ་སྒང་། སྐྱིད་རས། ཀརྨ་དགོན་གསར། རྔ་ཆེན། ཀུན་བདེ་གླིང་སོགས་སྲང་ལམ་12སུ་ཁྱབ་ཡོད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས《ཇ་ཁང་མུ་མཐུད་སྔར་བས་ཚད་ལྡན་ངང་གཉེར་སྐྱོང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་པ་དང་། ཇ་ཁང་གི་གཙང་སྦྲ་ཡག་པོ་མེད་པ། གཙང་འཁྲུ་དང་དུག་སེལ་ཚད་ལྡན་མིན་པ། བཟའ་བཅའི་རྒྱུ་ཆ་ཉར་འཇོག་ཚད་ལྡན་མིན་པ། བཟའ་བཅའི་རྒྱུ་ཆ་ཉོས་པའི་སྤ་སེ་དང་ཟོག་འཐེན་ཟོག་ཚོང་གི་ཐོ་འགོད་ལམ་ལུགས་དོན་འཁྱོལ་མ་བྱས་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཇ་ཁང་1277མེད་པར་བཟོས་པའམ་ཚད་ལྡན་དུ་བཏང་བ་དང་ཇ་ཁང་60ཁྲིམས་བཞིན་བཅོས་སྒྲིག་བྱས་པ་རེད། མིག་སྔར་ཇ་ཁང་1329བླང་བྱ་ལྟར་བཅོས་སྒྲིག་བྱས་ཟིན་ཞིང་། ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་མཁན་ཇ་ཁང་23ཡོད་པའི་ཁྲོད། ཇ་ཁང་18ཀྱིས་བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་རེ་ཞུ་བྱེད་བཞིན་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། འདི་ལོ་གྲོང་ཁྱེར་ཡོངས་ཀྱི་ཇ་ཁང་20ཡི་ཡན་ལག་ཇ་ཁང་ལ་བཟའ་བཅའ་བདེ་འཇགས་ཀྱི་ལམ་ལུགས་ཚད་ལྡན་ཅན་དང་། བཟའ་བཏུང་ཞབས་ཞུའི་ཚད་གཞི་རིམ་དབྱེའི་དོ་དམ་ཚད་ལྡན་ཅན། དུག་སེལ་སྒམ་དང་ཚད་དང་ལྡན་པའི་འོ་རྩམ་སྤྱོད་པ་སོགས་ནས་འགོ་བཙུགས་ཏེ། ཚད་ལྡན་བཅོས་སྒྲིག་གི་ཚད་གཞི་བཟོ་བ་དང་། གནས་གཅིག་གིས་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་ཇ་ཁང་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། གཅིག་འགྱུར་ཅན། ཁྱད་ལྡན་ཅན་བཅས་ཀྱི་སྒོ་ནས་གཉེར་སྐྱོང་ཐུབ་རྒྱུར་རིམ་བཞིན་སྐུལ་འདེད་བཏང་ཐོག བཟའ་བཅའི་བདེ་འཇགས་གཙོ་བོར་བྱས་ཏེ་ལྷ་སའི་ཡུལ་སྐོར་གྱི་མིང་བྱང་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། 2019ལོར་བཟའ་བཏུང་ཞབས་ཞུ་བཟའ་བཅའི་བདེ་འཇགས་དཔེ་སྟོན་ཟ་ཁང་འཛུགས་གཏོད་ནང་བོད་ཟས་ཁང(ཇ་ཁང)མང་པོ་ཞིག་ཞུགས་པ་མ་ཟད། འགའ་ཞིག་ལ་ད་དུང་ཐོག་མའི་ཞིབ་དཔྱད་ཀྱང་ཐོབ་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཇ་ཁང་དག་2020ལོའི“ལྷ་ས་གྲོང་ཁྱེར་གྱི་བཟའ་བཏུང་ཞབས་ཞུ་བཟའ་བཅའི་བདེ་འཇགས་དཔེ་སྟོན་ཟ་ཁང”འཛུགས་གཏོད་ནང་ཞུགས་འདོད་ཧ་ཅང་ཆེན་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།