“མི་རིགས་མཐུན་སྒྲིལ་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཡར་ཐོན་སྟོབས་ཤུགས་ཤིག་ཡིན་པ་དང་། སློབ་གྲྭའི་སློབ་གསོ་ནི་རྩ་བ་དང་། ངོས་འཛིན་གསོ་སྐྱོང་ནི་སྲོག་ཤིང་ཡིན། ལྷག་པར་དུ་བུ་བཅོལ་ཁང་གི་སློབ་གསོ་ནས་སློབ་ཆུང་སློབ་གསོའི་བར་གྱི་ལྷུ་ཚིགས་ཀྱི་བློ་འབྱེད་སློབ་གསོ་ནི་ཕྲུ་གུར་གོམས་གཤིས་བཟང་པོ་ཞིག་འཇགས་རྒྱུ་དང་འབྲེལ་བ་ཡོད་པའི་གནད་འགག་ཅིག་རེད”ཅེས་པ་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་སློབ་ཆེན་ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ཐུབ་བསྟན་མཁས་གྲུབ་ཀྱིས་ལོ་མང་གི་ལས་ཀའི་མྱོང་ཚོར་དངོས་རེད།
ཐུབ་བསྟན་མཁས་གྲུབ་ཀྱིས་མི་རིགས་ས་ཁུལ་གྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་རྨང་གཞིའི་སློབ་གསོ་དེ་ཉིད་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་གིས་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། མི་རིགས་ཁག་དབར་འཆམ་མཐུན་མཉམ་ལས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་ཟབ་གཏོང་བཅས་ཀྱི་རྨང་གཞི་ཡིན་པའི་ངོས་ནས། དེ་ནི་ཕྲུ་གུ་ཚང་མས་ཆུང་དུས་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་པའི་བློ་སྒོ་འབྱེད་ས་དང་གསོ་སྐྱོང་བྱ་ཡུལ་དང་པོ་དེ་རེད་ཅེས་གསུངས།
ཐུབ་བསྟན་མཁས་གྲུབ་ཀྱིས“དཔེར་ན་བོད་ཀྱིས་གསར་བརྗེའི་རིག་གནས་སློབ་གསོའི་ཐོན་ཁུངས་རྒྱུན་ཆད་མེད་པར་སྔོག་འདོན་བྱེད་པ་བཞིན་གསར་བརྗེའི་རིག་གནས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གསར་གཏོད་བྱས་ཏེ་རིག་གནས་མཉམ་འདྲེས་དང་། བྱེད་སྒོའི་སྣེ་ཁྲིད། སློབ་ཚན་ཞིབ་འཇུག སློབ་ཚན་སྒྲོག་འགྲེལ་སོགས་ཀྱི་རྣམ་པ་བརྒྱུད་ས་གནས་ཀྱི་གསར་བརྗེའི་རིག་གནས་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་ཐོན་ཁུངས་སྤུས་ལེགས་སུ་བརྩི་བ་དང་། གསར་བརྗེའི་རིག་གནས་ཐོན་ཁུངས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་ནང་བཅུག་ནས། སློབ་གྲྭའི་སློབ་གསོ་སྣ་མང་ཅན་དུ་འགྱུར་