དབུ་ཤོག
  • ཉུང་དུ་གཏོང་དགོས་པ་གསུམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-20

    མངར་ཆ་ཉུང་དུ་གཏོང་དགོས།

    1.མངར་ཆར་གནོད་པ་མང་པོ་ཡོད་པ།

    ཟས་རིགས་ཀྱི་མངར་ཆ་ནི་སོ་སྲིན་འབྱུང་བའི་རྒྱུ་རྐྱེན་གལ་ཆེ་ཤོས་དེ་ཡིན་ཞིང་། མངར་ཆ་མང་དྲགས་ཚེ་བཟའ་བཅའ་དོ་མི་སྙོམས་པ་དང་། རྒྱགས་པ་ཆགས་པ། དེ་བཞིན་གཅིན་སྙི་ཟ་ཁུའི་ནད་སོགས་གཅོང་ནད་ཕོག་པའི་ཉེན་ཁ་ཆེན་པོ་ཡོད།

    2.མངར་ཆ་སྤྱོད་ཚད་ལ་ཚོད་འཛིན་བྱེད་དགོས།

    ཀྲུང་གོའི་གྲོང་མིའི་བཟས་སྤྱོད་ཕྱོགས་སྟོན་ནང་དར་མ་མི་རེས་ཉིན་རེར་མངར་ཆ་སྤྱོད་ཚད་ཡག་ཤོས་བྱུང་ན་ཁེ་25མན་ལ་ཚོད་འཛིན་བྱེད་དགོས་ལ། མངར་ཆ་སྤྱོད་ཚད་སྤྱིའི་ནུས་ཚད་ཀྱི་10%མན་ལ་ཚོད་འཛིན་བྱེད་དགོས་པའི་འོས་སྦྱོར་བྱས་ཡོད།

    3.བྱིས་པ་དང་གཞོན་ནུས་མངར་ཆ་ཡོད་པའི་བཏུང་བྱ་མི་འཐུང་བའམ་ཡང་ན་ཉུང་ཙམ་འཐུང་དགོས།

    མངར་ཆ་ཡོད་པའི་བཏུང་བྱ་ནི་བྱིས་པའམ་ཡང་ན་གཞོན་ནུའི་མངར་ཆ་སྣོན་མའི་འབྱུང་ཁུངས་གཙོ་བོ་དེ་ཡིན་པས་མངར་ཆ་ཡོད་པའི་བཏུང་བྱ་མི་འཐུང་བའམ་ཡང་ན་ཉུང་ཙམ་འཐུང་དགོས།

    4.ཕྲུ་གུ་དམར་འབྱར་དང་བྱིས་པའི་བཟའ་བཅར་མངར་ཆ་བསྣན་མི་རུང་།

    ཕྲུ་གུ་དམར་འབྱར་དང་བྱིས་པའི་བཏུང་བྱ་གཙོ་བོ་རབ་བྱུང་ན་ཆུ་འཁོལ་བྱེད་དགོས། ཟས་གཡོས་སྦྱོར་བྱེད་སྐབས་ཡག་ཤོས་བྱུང་ན་མངར་ཆ་བསྣན་མི་རུང་།

    5.མངར་ཆ་མང་བའི་ཐུམ་སྒྲིལ་བརྒྱབ་པའི་བཟའ་བཅའ་སྤྱོད་ཚད་ཉུང་དུ་གཏོང་དགོས།

    འཁྱགས་ཞོ་དང་། ཅོག་ལེ། ཞིམ་ཟས། བྱི་རིལ་སོགས་ལས་སྣོན་བྱེད་པའི་བརྒྱུད་རིམ་ནང་རབ་བྱུང་ན་མངར་ཆ་སྤྱོད་ཚད་ཉུང་དུ་གཏོང་དགོས།

    6.ལྟོ་ཆས་བཟོ་སྐབས་མངར་ཆ་ཉུང་ཙམ་བླུག་དགོས།

    ཁྱིམ་དུ་ལྟོ་ཆས་བཟོ་སྐབས་མངར་ཆ་ཉུང་ཙམ་བླུག་དགོས།

    7.ཆུ་འཁོལ་གྱིས་བཏུང་བྱའི་ཚབ་བྱེད་དགོས།

    མིའི་གཟུགས་པོར་ཡག་ཤོས་བྱུང་ན་ཆུ་འཁོལ་མང་ཙམ་འཐུང་དགོས། གནམ་གཤིས་དྲོད་ཚད་རན་པའི་སྐབས་སྐྱེས་པ་དར་མ་ཞིག་གིས་ཉིན་རེར་ཉུང་མཐར་ཡང་ཆུ་ཧའོ་ཧྲེང་1700(པེ་ཙི་8.5)འཐུང་དགོས་པ་དང་བུད་མེད་ཀྱིས་ཉུང་མཐར་ཡང་ཆུ་ཧའོ་ཧྲེང་1500(པེ་ཙི་7.5)འཐུང་དགོས།

    སྣུམ་ཉུང་དུ་གཏོང་དགོས།

    1.སྣུམ་བཙོས་མར་ཚན་རིག་དང་མཐུན་པའི་སྒོ་ནས་ངོས་འཛིན་བྱེད་དགོས།

    སྣུམ་བཙོས་མས་བཟའ་བཅའི་ཚིལ་ཞུའི་རང་བཞིན་གྱི་འཚོ་བཅུད་བསྡུ་སྤྱོད་ལ་ཕན་ཐོགས་ཡོད་ཅིང་། དེ་ནི་མིའི་ལུས་པོར་ངེས་པར་མཁོ་བའི་ཚིལ་སྐྱུར་དང་འཚོ་བཅུད་Eཡི་འབྱུང་ཁུངས་གཙོ་བོ་རེད། འོན་ཀྱང་ཞག་ཚིལ་མང་དྲགས་ན་གཅིན་སྙི་ཟ་ཁུའི་ནད་དང་། ཁྲག་ཤེས་མཐོ་བའི་ནད། ཁྲག་ཚིལ་རྒྱུན་གཏན་མིན་པ། སྙིང་གཟེར་ནད་སོགས་གཅོང་ནད་ཕོག་པའི་ཉེན་ཁ་ཆེན་པོ་ཡོད།

    2.སྣུམ་བཙོས་མ་སྤྱོད་ཚད་ལ་ཚོད་འཛིན་བྱེད་དགོས།

    ཀྲུང་གོའི་གྲོང་མིའི་བཟས་སྤྱོད་ཕྱོགས་སྟོན་ནང་གཟུགས་གཞི་བདེ་ཐང་ཡིན་པའི་དར་མ་ཞིག་གིས་ཉིན་རེར་སྣུམ་བཙོས་མ་སྤྱོད་ཚད་ཁེ་25ནས་30ལས་བརྒལ་མི་རུང་བའི་འོས་སྦྱོར་བྱས་ཡོད།

    3.སྣུམ་རྒྱུ་ཉུང་བའི་ཟས་རིགས་མང་ཙམ་སྤྱོད་ཐབས།

    ལྟོ་ཆས་བཟོ་སྐབས་རབ་བྱུང་ན་རླངས་བཙོས་དང་། ཆུ་བཙོས། བསྐོལ་བ་སོགས་བྱེད་པ་ལས་སྣུམ་ལ་ཉུང་ཙམ་སྲེག་དགོས།

    4.བཟའ་བཅའ་བསྲེཌ་མ་ཉུང་ཙམ་བཟའ་དགོས།

    བྱ་ཤ་བསྲེགས་མ་དང་། ཞོག་ཁོག་བསྲེགས་མ། ཡོས་ཞང་སོགས་བསྲེགས་ཟས་ཉུང་ཙམ་བཟའ་བའམ་ཡང་ན་བཟའ་མི་རུང་།

    5.སྲོག་ཆགས་ཀྱི་ཚིལ་ཉུང་ཙམ་སྤྱོད་དགོས།

    སྲོག་ཆགས་ཀྱི་ཚིལ་སྤྱོད་ཚད་ཉུང་དུ་བཏང་སྟེ་རྩི་ཤིང་གི་སྣུམ་གྱིས་ཚབ་བྱེད་དགོས་ལ། རྩི་ཤིང་གི་སྣུམ་སྤྱོད་སྐབས་ཀྱང་རིགས་མི་འདྲ་བ་རེས་མོས་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

    6.ལྡོག་ཚིལ་ཚིལ་སྐྱུར་ལ་ཚོད་འཛིན་བྱེད་དགོས།

    རབ་བྱུང་ན་ཉིན་རེར་ལྡོག་ཚིལ་ཚིལ་སྐྱུར་སྤྱོད་ཚད་ཁེ་2ལས་བརྒལ་མི་རུང་།

    ཚྭ་ཉུང་དུ་གཏོང་དགོས།

    1.ཟས་རིགས་ཚྭ་ཁུའི་གནོད་འཚེ།

    ཚྭ་མང་དྲགས་ན་ཁྲག་ཤེད་འཕར་བ་དང་ཕོ་བའི་ནད་ཚབས་ལྕི་རུ་ཕྱིན་པ་མ་ཟད། རུས་པ་སབ་སོབ་དང་རྒྱགས་པ་སོགས་ཀྱི་རིམས་ནད་ཕོག་ཉེན་ཆེན་པོ་ཡོད།

    2..ཟས་རིགས་ཚྭ་ཁུར་ཚོད་འཛིན་བྱེད་དགོས།

    ཀྲུང་གོའི་གྲོང་མིའི་བཟས་སྤྱོད་ཕྱོགས་སྟོན་ནང་གཟུགས་གཞི་བདེ་ཐང་ཡིན་པའི་དར་མ་ཞིག་གི་ཉེན་རེའི་ཚྭ་སྤྱོད་ཚད་ཁེ་6ལས་བརྒལ་མི་རུང་བ་དང་། ལོ་2ནས་3བར་གྱི་ཕྲུ་གུར་ཁེ་2ལས་བརྒལ་མི་རུང་བ། ལོ་4ནས་6བར་གྱི་ཕྲུ་གུར་ཁེ་3ལས་བརྒལ་མི་རུང་བ། ལོ་7ནས་10བར་གྱི་བྱིས་པར་ཁེ་4ལས་བརྒལ་མི་རུང་བ། ལོ་65ཡན་གྱི་རྒན་རྒོན་ཚོར་ཁེ་5ལས་བརྒལ་མི་རུང་བའི་གྲོས་འགོ་བཏོན་ཡོད།

    3.ཐུམ་སྒྲིལ་ཟས་རིགས་ཚྭ་ཁུ་ཉུང་ཙམ་བཟའ་དགོས།

    ཤ་བཙོས་མའི་རིགས་དང་། བསྙལ་ཚལ། ལྕགས་ཀྲིན་ནང་བླུགས་པའི་བཟའ་བཅའ་ཉུང་ཙམ་བཟའ་དགོས་པ་དང་ཤ་རིགས་དང་སྒོ་ངའི་རིགས་སོས་པ་མང་ཙམ་བཟའ་དགོས།

    4.ནཱ་ཚྭ་སྤྱོད་ཚད་རིམ་བཞིན་ཉུང་དུ་གཏོང་དགོས།

    ཚྭ་སྤྱོད་ཚད་རིམ་བཞིན་ཉུང་དུ་བཏང་ན་ཚྭ་ཁ་་དམའ་རུ་འགྲོ་སྲིད།

    5.འཚོ་བཅུད་ཀྱི་གྲུབ་ཆའི་རེའུ་མིག་ལྟ་ཀློག་བྱེད་དགོས།

    སྒོ་རྩིས་ཚོང་ཁང་ནས་བཟའ་བཅའ་ཉོ་སྐབས་རབ་བྱུང་ན་ནཱ་ཚྭ་ཅུང་དམའ་བའི་ཐུམ་སྒྲིལ་བརྒྱབ་པའི་བཟའ་བཅའ་དང་། “ཚྭ་ཉུང་བའི”མཚོན་རྟགས་ཡོད་པའི་བཟའ་བཅའ་ཉོ་དགོས།

    6.སྨན་སྣར་དོ་སྣང་བྱེད་དགོས།

    ནཱ་ཚྭ་ལྡན་ཚད་ཉུང་བ་དང་ཚྭ་ཉུང་བའི་ཅང་ཡིའུ་སོགས་འདེམས་པ་དང་། ཅི་ཅིང་སོགས་སྨན་སྣ་མང་པོ་རྒྱག་རྒྱུ་མེད།

    7.“སྦས”ཚྭར་དོགས་ཟོན་བྱེད་དགོས།

    སྟབས་བདེའི་བཟའ་བཅའ་དང་ཞོར་ཟས་ཁག་གཅིག་ཁ་ལ་བཟའ་སྐབས་ཚྭ་ཁུ་དེ་ཙམ་མེད་ཀྱང་སྦས་ཚྭ་མི་ཉུང་བ་ཞིག་ཡོད་པས། “སྦས་ཚྭའི”ལས་སྣོན་བཟའ་བཅའ་རབ་བྱུང་ན་ཉུང་ཙམ་བཟའ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།