དབུ་ཤོག>གསར་འགྱུར།
  • ས་མཐོའི་དཔོན་དམག་རྩེ་གྲས་ནང་སྦྱོང་ཧུར་ཐག་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-05-20

    734363_yis_1589866529938_s.jpg

    ཉེ་ཆར་བོད་དམག་ཁུལ་ཁང་གིས་དམག་མི་རྩེ་གྲ་414སྒྲིག་འཛུགས་བྱས་ནས“གངས་ལྗོངས་ཡང་རྩེ་2020”ཟིན་ཐོ་གཏོད་པའི་བྱེད་སྒོ་སྤེལ་བ་དང“འགྲན་བསྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་དང་། འགྲན་བསྡུར་ལ་བརྟེན་ནས་དམག་འཐབ་ལ་སྐུལ་འདེད་གཏོང་བ། འགྲན་བསྡུར་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི”སྤྱི་ཡོངས་ཀྱི་བསམ་ཕྱོགས་གཞིར་བཟུང་། “རྩ་གནད་བཞིན་སྦྱོང་བརྡར་དང་། རིམ་པ་དབྱེ་ནས་སྦྱོང་བརྡར་ལ་དམ་འཛིན། གསར་གཏོད་ཀྱིས་སྦྱོང་བརྡར”སོགས་ལ་བརྟེན་ནས་དཔུང་སྡེའི་དངོས་འཐབ་ཅན་གྱི་སྦྱོང་བརྡར་གཏིང་ཟབ་བྱས་ཏེ“ལས་གནས་ཐོག་དམག་མི་རྩེ་གྲ་ཡོད་པ་དང་། ཆེད་ལས་ཐད་འཇོན་ཐང་ཅན་ཡོད་པ། ཚན་ཁག་ཐད་རིགས་གཅིག་མཁས་ཅན་ཡོད་པ། ཚན་པར་ཁྱད་ཆོས་ཡོད་པ”བཅས་ཀྱི་དམིགས་ཚད་ལོན་པར་བྱས་ནས། དམག་ཁུལ་ཁང་གི་མང་ཚོགས་རང་བཞིན་གྱི་དམག་སྦྱོང་དང་དྲག་རྩལ་འགྲན་པའི་རྒྱ་ཁྱབ་རང་བཞིན་མངོན་པར་བྱས་ཏེ་དམག་དོན་ནང་སྦྱོང་ལ་དམ་འཛིན་བྱེད་པའི་ཚ་རླབས་འཕྱུར་བར་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།