
ཀོང་པོའི་བི་ཤུ་ནི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་ལ་ཀོང་པོ་ཁུལ་གྱི་མི་རྣམས་ཀྱིས་དུས་ཆེན་དང་སྤྲོ་གསེང་གཏོང་རིམ་བཞིན་མེད་དུ་མི་རུང་བའི་འགྲན་བསྡུར་རྣམ་གྲངས་ཤིག་ཀྱང་རེད། དེ་འཕེན་སྐབས་སྒྲ་གསང་པོ་ཞིག་གྲགས་པས་མིང་དེ་ལྟར་ཐོགས། བི་ཤུ་འགྲན་རིམ་བཞིན་གྲོང་ཚོ་གཅིག་པའི་ཕོ་མོ་རྒན་གཞོན་ཚང་མས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་བྲོ་ཞིམ་ཟས་རིགས་དང་ནས་ཆང་ཞིམ་པོ་གྲ་སྒྲིག་བྱས་ནས་འགྲན་བསྡུར་ལ་ལྟ་བར་ཡོང་བ་དང་སྦྲགས། གླུ་གར་འཁྲབ་སྟེ་རང་ཉིད་ཀྱི་མདའ་པར་ནས་ཆང་བཀྱག་ཅིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་གྱི་གྲོང་ཚོ་ཁག་དབར་བི་ཤུ་འགྲན་རེས་བྱེད་བཞིན་པ།