
དབུལ་པོ་ཆགས་རྐྱེན་བཙལ་ནས་གནད་སྨིན་བྱེད་ཐབས་སྤྱོད་དགོས།
ད་ཆ། ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྤྱད་དང་སྤྱོད་མུས་ཀྱི་བྱ་ཐབས་གལ་ཆེན་ནི་གནད་སྨིན་དབུལ་སྐྱོར་གྱི་ཐབས་ཇུས་ལག་བསྟར་དང་། དབུལ་པོ་ཆགས་རྐྱེན་འཚོལ་བ། གནད་སྨིན་བྱེད་ཐབས་སྤྱད་དེ་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་རེད། ང་ཚོས་ཀྲུང་གོའི་ལམ་ལུགས་ཀྱི་ལེགས་ཆ་མཐའ་འཁྱོངས་བྱས་ནས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་ལྔ་ཡིས་མཉམ་དུ་དབུལ་སྐྱོར་ལ་དམ་འཛིན་གྱིས་རིམ་པ་བཞིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་བཅོས་སྐྱོང་རྣམ་པ་ཞིག་གཏོད་དགོས།
གནད་སྨིན་དྲུག་ཐུབ་པ་བྱེད་དགོས།
དབུལ་སྐྱོར་གསར་སྤེལ་ད་ལྟའི་ཆུ་ཚད་དུ་སླེབས་པའི་འགག་རྩ་ནི་གཙོ་བོ་གནད་སྨིན་ལ་ཐུག་པ་མ་ཟད། རྒྱལ་ཕམ་གྱི་འགག་རྩ་ཡང་གནད་སྨིན་ལ་རག་ལུས་ཡོད། མ་དངུལ་གཏོང་རྒྱུ་གནད་ལ་མི་འཕིགས་པ་དང་། བརྟག་དཔྱད་མ་བྱས་པར་དངུལ་གཏོང་བ། ཧ་རེ་ཧུ་རེ་བྱེད་པ། བྱེད་ཐབས་གནད་སྨིན་མ་སྤྱོད་པ་བཅས་གཏན་ནས་མི་ཡོང་བ་བྱེད་དགོས། དེ་ཡང་གནད་སྨིན་དྲུག་ཡོང་བ་བྱེད་དགོས་པ་སྟེ། རོགས་སྐྱོར་བྱ་ཡུལ་གནད་སྨིན་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན། མ་དངུལ་བེད་སྤྱོད་གནད་སྨིན། བྱེད་ཐབས་དུད་ཚང་དུ་གནད་སྨིན། གྲོང་ཚོར(ཧྲུའུ་ཅི་དང་པོ)གནད་སྨིན་དུ་མངགས་པ། དབུལ་སྒྲོལ་གྲུབ་འབྲས་གནད་སྨིན་བཅས་རེད།
——2018ལོའི་ཟླ་2ཚེས་12ཉིན་ཞི་ཅིན་ཕིང་གིས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ལས་དྲངས།