དབུ་ཤོག>གསར་འགྱུར།
  • རིམས་ནད་ཐོན་རིང་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེ་མོ་བ་མི་ཐེངས་དུང་ཕྱུར་23དྲ་ཐོག་སློབ་སྦྱོང་ནང་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-05-18

     ཚེས་14ཉིན། གསར་འགོད་པར་སློབ་གསོ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རིམས་ནད་ཐོན་རིང་། རྒྱལ་ཡོངས་ཀྱི་མཐོ་སློབ་1454ཡིས་དྲ་ཐོག་སློབ་ཁྲིད་བྱས་པ་དང་། དྲ་ཐོག་སློབ་སྦྱོང་ནང་ཞུགས་པའི་སློབ་གྲྭ་ཆེ་མོ་བ་ཁྱོན་ཁྲི་1775ཟིན་པ་དང་། ཁྱོན་མི་ཐེངས་དུང་ཕྱུར་23ཟིན་ཡོད་པ་རེད།

    སློབ་གསོ་པུའི་མཐོ་རིམ་སློབ་གསོ་སིའི་སི་ཀྲང་ཝུའུ་ཡན་གྱིས་གསུངས་དོན། རིམས་ནད་ཐོན་རིང་མཐོ་སློབ་ཀྱི་དྲ་ཐོག་སློབ་ཁྲིད་ལག་ལེན་དེ་ས་ཁོངས་ཧྲིལ་པོ་དང་། ཁྱོན་ཡོངས། ཕྱོགས་ཀུན་བཅས་ལ་ཁྱབ་ཡོད་ཅེས་བརྗོད་ཆོག རྒྱལ་ཡོངས་ཀྱི་ས་ཁུལ་དང་མཐོ་སློབ་ཚང་མས་གཅིག་རྗེས་གཉིས་མཐུད་ངང་བྱ་སྤྱོད་སྤེལ་ནས་དྲ་ཐོག་སློབ་ཁྲིད་བྱས་ཤིང་། ཟླ་5ཚེས་8ཉིན་བར། རྒྱལ་ཡོངས་ཀྱི་མཐོ་སློབ་1454ཡིས་དྲ་ཐོག་སློབ་ཁྲིད་བྱས་པ་དང་། དགེ་རྒན་ཁྲི་103གྱིས་དྲ་ཐོག་སློབ་ཚན་ཁག་ཁྲི་107འཚོགས་པ་དང། ཁྱོན་སློབ་ཚན་ཐེངས་ཁྲི་1226ཁྲིད་ཡོད། དྲ་ཐོག་སློབ་སྦྱོང་ནང་ཞུགས་པའི་སློབ་གྲྭ་ཆེ་མོ་བ་ཁྱོན་ཁྲི་1775ཟིན་པ་དང་། ཁྱོན་མི་ཐེངས་དུང་ཕྱུར་23ཟིན་ཡོད།

    རིམས་ནད་ཐོན་རིང་། སློབ་གྲྭ་འབྲིང་ཆུང་གི་དྲ་ཐོག་སློབ་ཁྲིད་ཀྱང་ཡོངས་ཁྱབ་བྱུང་ཞིང་། སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་སི་ཀྲང་ལུའེ་ཡུས་ཀང་གིས། རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་དྲ་རྒྱའི་སྤྲིན་ཚོམ་ལས་སྟེགས་ཟླ་2ཚེས་17ཉིན་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཟླ་2ཚེས་24ཉིན་རིམ་སྤོར་བྱས་པས། ད་བར་འཁོར་རྒྱུག་བརྟན་ལ་བདེ་བླག་ཡོད་པ་དང་ལྟ་མཁན་མི་ཐེངས་རིམ་བཞིན་མང་དུ་ཕྱིན་ནས་ཞིང་ཆེན་ཚང་མར་ཁྱབ་ཡོད། ཟླ་5ཚེས་11ཉིན་བར། རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་དྲ་རྒྱའི་སྤྲིན་རྩིས་ལས་སྟེགས་ལ་ལྟ་ཚད་དུང་ཕྱུར་20.73ཟིན་པ་དང་། ལྟ་མཁན་མི་ཐེངས་དུང་ཕྱུར་17.11ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།