དབུ་ཤོག
  • གནས་སྐབས་རིང་། ཧྲེན་ལིས་མོ་ཊ་འཇོག་སར་རིན་པ་སྤྲོད་དགོས་མི་འདུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-12

    1.jpg

        མོ་ཊ་གོ་རིམ་ལྡན་པའི་ངང་བསྐྱོད་པ་དང་། ཁ་ལོ་བས་མོ་ཊ་འཇོག་པར་སྟབས་བདེ་སྐྲུན་ཆེད། ཧྲེན་ལིས་དུས་རབས་ཐང་ཆེན་གི་མོ་ཊ་འཇོག་སར་ཟླ་5ཚེས་12ནས་ཚེས་24ཉིན་བར་གྱི་སྔ་དྲོའི་ཆུ་ཚོད་830ནས་ཕྱི་ཉིན་གྱི་ཐོ་རེངས་ཆུ་ཚོད་01:00བར་རིན་པ་སྤྲོད་དགོས་མི་འདུག

    2.jpg

        མིག་སྔར།ས་འོག་ཏུ་མོ་ཊ་འཇོག་ས་160དང་ལངས་གཟུགས་མོ་ཊ་འཇོག་ས་240ཡོད་ཅིང་། ཁྱོན་མོ་ཊ་འཇོག་ས་400ཡོད་ཅེས་ཧྲེན་ལིས་དུས་རབས་ཐང་ཆེན་ཁེ་ལས་འཆར་འགོད་པུའི་ཅིང་ལི་ཀྲང་ལི་ནཱ་ཡིས་བཤད།

    3.jpg

        གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་རྡོ་སེང་གེ་ལམ་དུ་ས་འོག་མདོང་ལམ་སྒྱུར་བཀོད་བྱེད་བཞིན་ཡོད་པ་དང་། གནས་སྐབས་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་མ་གཏོགས་སྐྱོད་ཆོག་གི་མེད། དེར་བརྟེན། གལ་ཏེ་ཧྲེན་ལིས་དུས་རབས་ཐང་ཆེན་གྱི་མོ་ཊ་འཇོག་སར་སྐྱོད་དགོས་ཚེ། གླིང་སྐོར་བྱང་ལམ་ནས་རྡོ་སེང་གེ་ལམ་བརྒྱུད་ཧྲེན་ལིས་དུས་རབས་ཐང་ཆེན་གྱི་མོ་ཊ་འཇོག་སར་བསྐྱོད་ནས་འཛུལ་དགོས།

    4.jpg

        ཀྲང་ལི་ནཱ་ཡིས་ལས་ཀའི་དུས་ཚོད་རིང་། ཕྱི་དྲོའི་ཆུ་ཚོད་6པའི་རྗེས་མོ་ཊ་འཇོག་མཁན་མང་པོ་ཡོད་པ་དང་། དུས་ཆེན་དང་གུང་གསེང་རིང་། ཉིན་དགུང་གི་ཆུ་ཚོད་12ནས་བཟུང་མོ་ཊ་འཇོག་མཁན་མང་ཤོས་ཡིན་པས། གལ་ཏེ་ཁ་ལོ་བ་རྣམས་གནས་དེར་མོ་ཊ་འཇོག་དགོས་ཚེ། དུས་ཚོད་དང་ལམ་ཐིག་སྔ་སྣུར་དུ་འཆར་འགོད་ཡག་པོ་བྱེད་དགོས་པ་དང་། འགྲོ་ལམ་གྱི་ཕྱོགས་སྟོན་བྱང་བུ་གཞིར་བཟུང་མོ་ཊ་གཟབ་གཟབ་ངང་བཏང་ནས་གནས་ཚུལ་མི་ཐོན་པ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།