དབུ་ཤོག>གསར་འགྱུར།
  • བློ་སེམས་གཅིག་ཏུ་བསྒྲིལ་བས་མཐུན་སྒྲིལ་མེ་ཏོག་ལྷག་པར་མཛེས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-08

    མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་ཞིང་། སྔར་ནས་ད་བར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་སྒོ་ནང་དོན་གཙོ་བོར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཕྱོགས་ཡོངས་དང་། གཏིང་ཟབ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་མི་རིགས་མཐུན་སྒྲིལ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ནང་བཅུག་སྟེ། མི་རིགས་ཁག་གི་མང་ཚོགས་ཚོར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་ལོངས་སྤྱོད་ཏན་ཏིག་ཐུབ་པ་བྱས་ཡོད།

    ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་པ། 

    སྔར་ནས་ད་བར། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ། ཏང་གི་འགོ་ཁྲིད་དང་ཏང་གི་ལས་དོན་འཐབ་ཕྱོགས་ཁག་དང་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་བྱས་ནས། ཏང་གི་འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པ་བྱེད་རྒྱུ་དེ་ཁ་གསལ་གྱི་ཆབ་སྲིད་ཀྱི་ཚད་གཞི་དང་ཆབ་སྲིད་ཀྱི་རྩ་བའི་བླང་བྱར་བརྩིས་ནས། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་།

    “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་བ། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་དེ་བཞིན“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པ”སོགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་ཡོད། ད་ཆའི་བོད་ལྗོངས་སུ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སེམས་སུ་བརྟན་པོ་བཅངས་པ་དང་འབྲེལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སེམས་སུ་གཏིང་ཟབ་ཟུག་པར་བྱས་པ་རེད།

    ཏང་འཛུགས་སྐྱོང་གི་རླབས་ཆེན་འདུ་འགོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། རྒྱུན་སྲིང་ལྷོད་མེད་ངང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། ལས་བྱེད་པ་ཡག་པོའི་ཚད་གཞི་དང“ཁྱད་པར་གསུམ”གྱི་བླང་བྱ་གཞིར་བཟུང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་ནུས་ལྡན་བྱས་པ་བརྒྱུད། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ལས་བྱེད་པ་མང་པོ་རྒྱུན་ཆད་མེད་པར་འཚར་ལོངས་བྱུང་ཡོད། ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ། ཞིང་འབྲོག་ཁུལ་གྱི་ཏང་རྩ་འཛུགས་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་འགན་ལེན་ཐུབ་པ། གནད་དོན་འཕྲད་སྐབས་མགོ་བོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱས་ཡོད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”མུ་མཐུད་དར་སྤེལ་བཏང་བ་དང་། “བརྟན་པོ་འཛུགས་དགོས་པ་གསུམ”མཐའ་འཁྱོངས་བྱས་ནས་རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་ཐུབ་པ་བྱས་ཡོད། དེང་གི་བོད་ལྗོངས་སུ་ཏང་གི་འགོ་ཁྲིད་འགྱུར་མེད་སྟོབས་དང་ལྡན་པ་དང་། རིམ་ཁག་འགོ་ཁྲིད་ཚན་ཁག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བློ་སེམས་གཅིག་མཐུན་དང་ངར་ཤུགས་འཕེལ་བ་བཅས་བྱུང་ནས་ཏང་གི་སྲིད་སྐྱོང་རྨང་གཞི་དང་མང་ཚོགས་རྨང་གཞི་དེ་བས་བརྟན་དུ་ཕྱིན་པ་རེད།

    དམངས་འཚོ་ལེགས་སུ་ཧུར་ཐག་བཏང་ནས་མི་སེམས་གཅིག་ཏུ་བསྒྲིལ་བ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ལ་ཐུགས་ཁུར་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཏེ་རང་རེའི་ཏང་གི་བོད་སྐྱོང་མཐའ་སྐྱོང་གི་རིགས་པའི་གཞུང་ལུགས་གསར་གཏོད་རང་བཞིན་གྱིས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་གནང་བ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཇུས་ཆེན་ལ་ཞིབ་འཇུག་གཏིང་ཟབ་གནང་བ། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”རྣམ་བཤད་གལ་ཆེན་བཏོན་གནང་བ། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བ་བཅས་ཀྱི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་ལས་དོན་གྱི་ཐབས་ཇུས་གནས་བབ་གལ་ཆེན་སྔར་བྱུང་མ་མྱོང་བའི་མཐོ་ཚད་ཐོག་བཞག་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་སྲུང་བརྩི་ཞུ་ཡུལ་མཁོ་འདོན་གནང་ཡོད་ལ། སྒུལ་ཤུགས་ཆེན་པོའང་བསྣན་ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་ཀའི་དམིགས་ས་དང་ཤུགས་རྒྱག་གཞིར་བརྩིས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམངས་འཚོ་རྒྱུན་མཐུད་ངང་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱས་ཡོད། 2019ལོར། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་37410དང་12951སོ་སོར་ཟིན་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ཞིང་། རྫོང(ཆུས)དབུལ་པོ་19དབུལ་ཞྭ་ཕུད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་15དབུལ་སྒྲོལ་ཐུབ་པ། དབུལ་པོ་དབུལ་རྐྱང་གི་གནད་དོན་སྤྱིར་ན་ཐག་གཅོད་ཐུབ་པ་བཅས་བྱུང་ནས། སྤྱི་ཡོངས་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཡོངས་སུ་ཐོབ་ཉེར་ཡོད། སློབ་གསོའི་བྱ་གཞག་སྔོན་ལ་འཕེལ་རྒྱས་བཏང་ནས“འགན་ལེན་གསུམ”གྱི་སྲིད་ཇུས་དང་ལོ་15ཡི་གཞུང་གྲོན་སློབ་གསོ་ལག་ལེན་བསྟར་བས་མི་རེར་ཆ་སྙོམས་སློབ་གསོ་མྱོང་ཚད་ལོ་9.55ཟིན་ཡོད། སྤྱི་ཚོགས་སུ་ལས་ཞུགས་དེ་བས་གང་ལེགས་ཐུབ་ནས་མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་ཐུབ་རྒྱུ་གཉིས་ཀར་ཤུགས་སྣོན་བརྒྱབ་ཡོད། སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་ལོ་35.5ནས་ལོ་70.6བར་མཐོ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གང་ལེགས་ཐུབ་ཡོད། དེང་གི་བོད་ལྗོངས་སུ་མི་དམངས་བདེ་སྡོད་ལས་བརྩོན་བྱུང་ནས་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་པ་རེད།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཡོང་བར་རྒྱུན་མཐུད་སྐུལ་འདེད་བཏང་བ།

    འཕེལ་རྒྱས་ནི་བོད་ཀྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ཡག་པོ་བསྟར་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་དེ་བཞིན“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་པའི་རྨང་གཞིའི་ཐོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བས། ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1600ལྷག་ཙམ་ཟིན་པ་རེད།

    2019ལོར། རིམ་རྩིས་ལྟར་ན། ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་སྒོར་དུང་ཕྱུར་686དོན་འཁྱོལ་བྱས་པ་དང་། བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་42དམིགས་སར་འབྱོར་ཡོད། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་དུམ་བུའི་ནུས་རྒྱུ་རྒྱ་སྐྱེད་ཀྱི་བསྒྱུར་བཀོད་ལས་གྲྭ་བསྐྲུན་མཇུག་འགྲིལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ཝ་ཐོག་དང་གསེར་ཟམ་ཆུ་ཤུགས་གློག་ཁང་ཐོན་སྐྱེད་བྱེད་སྒོ་ཚུགས་ནས་གློག་གཏོང་འགོ་ཚུགས་པ། ལ་ལྷོ་ཆུ་བེད་ལྟེ་བ་ཆུ་སྒོ་བརྒྱབ་ནས་ཆུ་གསོག་འགོ་ཚུགས་ཡོད། གྲོང་གསེབ་ཀྱི་གློག་དྲ་བསྒྱུར་བཀོད་ལ་སྐུལ་འདེད་མགྱོགས་མྱུར་བཏང་བས་གློག་དྲ་གཙོ་བོ་རྫོང(ཆུས)66ལ་ཁྱབ་ཡོད། གྲོང་གསེབ་ཀྱི་གཞུང་ལམ་ཁག་1288དང་ཤངས་ཆུ་ཆུ་བེད་ལྟེ་བའི་ལས་གྲྭ་སྐྲུན་ཇེ་མགྱོགས་སུ་བཏང་ཡོད། ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཕྱིན་ནས་འབྲུ་རིགས་ཐོན་ཚད་ཏུན་ཁྲི་105དང་། ནས་ཐོན་ཚད་ཏུན་ཁྲི་80ལྷག་ཙམ། ཤ་དང་འོ་མ་ཐོན་ཚད་ཏུན་ཁྲི་90བཅས་ཟིན་ཡོད་པ་རེད།

    མཐའ་མཚམས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་གཙོ་རྐང་འདིར་དམིགས་ནས་མཐའ་མཚམས་མི་དམངས་ཀྱི་ཁ་གསབ་རོགས་དངུལ་མཐོ་རུ་གཏོང་བ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་ཇེ་མགྱོགས་སུ་གཏོང་བ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་མཐའ་མཚམས་བཅོས་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་བཏང་ཡོད། གྲོང་ཚོ་དང་དུད་ཚང་དུ་དྲ་སྦྲེལ་ཁྱབ་པ་དང་སྒུལ་བདེའི་གཏོང་སྤྲོད་འཚོ་བ་སྐྱེལ་སྟངས་གསར་པར་གྱུར་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། ཡུལ་སྐོར་རིག་གནས་གཙོ་གནད་དུ་བྱས་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་ཡུལ་སྐོར་ཐོན་ལས་ཀྱི་སྣེ་འདྲེན་གྱི་གནས་བབ་སྔར་བས་མཐོ་རུ་ཕྱིན་ནས། 2019ལོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4000ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་560ཟིན་ཡོད་པ་རེད།

    དེང་གི་བོད་ལྗོངས་སུ་ཇོ་མོ་གླང་མའི་རི་འདབས་ནས་བྱང་རྩྭ་ཐང་བར་དང་། ཡར་ཀླུང་གཙང་པོའི་ངོགས་གཉིས་ནས་གཙང་གསུམ་རྒྱུག་ཁུལ་བར་གྱི་ས་ཕྱོགས་གང་སར་མི་རིགས་མཐུན་སྒྲིལ་དང་། ལས་རིགས་དར་རྒྱས་ཡར་ངོའི་ཟླ་ལྟར་འཕེལ་བ་བཅས་ཀྱི་དགའ་འོས་པའི་རྣམ་པ་ཞིག་མངོན་ནས་མི་རིགས་ཁག་གི་མང་ཚོགས་ཀུན་སེམས་གཅིག་སྒྲིལ་གྱིས་ལས་དོན་ཧུར་ཐག་སྒྲུབ་པ་དང་། ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།