སྣ་དཀར་རྩེ་རྫོང་གི་རྒྱལ་ལམ་349ལ་བར་མཚམས་མྱུར་ཚད་འཇལ་རྒྱུའི་གསལ་བརྡ།
རྒྱ་ཆེའི་ཁ་ལོ་བ་རྣམས་ལ།
འགྲིམ་འགྲུལ་གཞུང་ལམ་གྱི་སྒྲིག་སྲོལ་སྲུང་སྐྱོང་ཡག་པོ་དང་། ཤེས་དཔལ་དང་ཞི་མཐུན་ལྡན་པའི་འགྲིམ་འགྲུལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་སྲོལ་ཡིག》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་རུ་ཆེན་གྱིས་ཁྲིམས་བཞིན་རྒྱལ་ལམ་349(དེ་སྔོན་གྱི་ཞིང་ཆེན་རིམ་པའི་གཞུང་ལམ་307)ལ་བར་མཚམས་མྱུར་ཚད་འཇལ་རྒྱུ་ཡིན་ཞིང་། ཉེ་ཆར། མྱུར་ཚད་འཇལ་ཆས་བེད་སྤྱོད་གཏོང་རྩིས་ཡོད་པས། ད་ལྟ་འབྲེལ་ཡོད་ཀྱི་དོན་ཚན་གསལ་བརྡ་གཏོང་རྒྱུ་གཤམ་གསལ།
དང་པོ། གམ་པ་ལ་མོའི་རྩེ་ནས་སྣ་དཀར་རྩེ་རྫོང་གྲོང་བར་གྱི་མྱུར་ཚད་ཚད་བཀག
1.རྒྱལ་ལམ་349ཡི་35km+200m(གམ་པ་ལ་མོའི་རྩེ)མཚམས་ནས་འགོ་འཛུགས་པ་དང་།
2.རྒྱལ་ལམ་349ཡི་89km+200m(སྣ་དཀར་རྩེ་རྫོང་སྤྱི་བདེ་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས)མཚམས་ནས་མཇུག་བསྡུ་ཡི་ཡོད།
3.ཚད་བཀག་དུས་ཚོད། ལམ་བརྒྱུད་དེར་རླངས་འཁོར་གྱི་སྤྱིའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་ལྔ་བཅུ(50km/h)དང་ཚད་བཀག་དུས་ཚོད་ཆུ་ཚོད་གཅིག་དང་སྐར་མ་བཅུ་རེད།
གཉིས་པ། སྣ་དཀར་རྩེ་རྫོང་གྲོང་ནས་གམ་པ་ལ་མོའི་རྩེ་བར་གྱི་མྱུར་ཚད་ཚད་བཀག
1.རྒྱལ་ལམ་349ཡི་89km+200m(སྣ་དཀར་རྩེ་རྫོང་སྤྱི་བདེ་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས)མཚམས་ནས་འགོ་འཛུགས་པ་དང་།
2.རྒྱལ་ལམ་349ཡི་35km+200m(གམ་པ་ལ་མོའི་རྩེ)མཚམས་ནས་མཇུག་བསྡུ་ཡི་ཡོད།
3. ཚད་བཀག་དུས་ཚོད། ལམ་བརྒྱུད་དེར་རླངས་འཁོར་གྱི་སྤྱིའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་ལྔ་བཅུ(50km/h)དང་ཚད་བཀག་དུས་ཚོད་ཆུ་ཚོད་གཅིག་དང་སྐར་མ་བཅུ་རེད།
གསུམ། སྣ་དཀར་རྩེ་རྫོང་གྲོང་ནས་རྒྱལ་རྩེའི་ཕྱོགས་ཀྱི་མྱུར་ཚད་ཚད་བཀག
1.རྒྱལ་ལམ་349ཡི་94km+680m(ཡ་འབྲོག་སྣུམ་སྣོན་ས་ཚིགས)ནས་འགོ་འཛུགས་པ་དང་།
2.རྒྱལ་ལམ་349ཡི་ 114Km+490m(མཁའ་རེག་ལའི་སྣ་དཀར་རྩེ)མཚམས་ནས་མཇུག་བསྡུ་ཡི་ཡོད།
3.ཚད་བཀག་དུས་ཚོད། ལམ་བརྒྱུད་དེར་རླངས་འཁོར་གྱི་སྤྱིའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་བཞི་བཅུ(40km/h)དང་ཚད་བཀག་དུས་ཚོད་སྐར་མ་སུམ་ཅུ་རེད།
བཞི། རྒྱལ་རྩེ་རྫོང་ནས་སྣ་དཀར་རྩེ་རྫོང་གྲོང་བར་གྱི་མྱུར་ཚད་ཚད་བཀག
1.རྒྱལ་ལམ་349ཡི་114Km+490m(མཁའ་རེག་ལའི་སྣ་དཀར་རྩེ)མཚམས་ནས་འགོ་འཛུགས་པ་དང་།
2.རྒྱལ་ལམ་349ཡི་94km+680m(ཡ་འབྲོག་སྣུམ་སྣོན་ས་ཚིགས)ནས་མཇུག་བསྡུ་ཡི་ཡོད།
3.ཚད་བཀག་དུས་ཚོད། ལམ་བརྒྱུད་དེར་རླངས་འཁོར་གྱི་སྤྱིའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་བཞི་བཅུ(40km/h)དང་ཚད་བཀག་དུས་ཚོད་སྐར་མ་སུམ་ཅུ་རེད།
ལྔ། བར་མཚམས་མྱུར་ཚད་འཇལ་ཆས་2018ལོའི་ཟླ་11ཚེས་30ཉིན་གྱི་ཆུ་ཚོད་00སྐར་མ་00ནས་དངོས་སུ་འགོ་འཛུགས་རྒྱུ་རེད།
ཕྱིས་འབྱུང་། སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རང་རྫོང་ཁོངས་ཀྱི་གཞུང་ལམ་349ལ་འགྲོ་འོང་བྱེད་མཁན་གྱི་རླངས་འཁོར་ཡོད་ཚད་གལ་ཏེ་མྱུར་ཚད་ལས་འགལ་བ་དང་། གཏན་འབེབས་ཀྱི་ཁ་ཕྱོགས་ལྟར་མི་འགྲོ་བ། རླངས་འཁོར་གྱི་ཨང་གྲངས་དང་འབྲེལ་ཡོད་ལག་འཁྱེར་བཀབ་པ། དེ་བཞིན་ཁྲིམས་འགལ་ངང་རླངས་འཁོར་གང་བྱུང་དུ་འཇོག་པ་བཅས་གནས་ཚུལ་ཐོན་ཚེ། འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཐག་གཅོད་དང་ཆད་པ་གཅོད་རྒྱུ་ཡིན་པས། ཚང་མས་ཡིད་གཟབ་གང་མང་གནང་རྒྱུའི་དྲན་སྐུལ་ཞུ་རྒྱུ་དང་བཅས་གསལ་བརྡ་འདི་བཏང་བ་ཡིན།
སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ནས།
2018ལོའི་ཟླ་10ཚེས་25 ཉིན།