དབུ་ཤོག>གསར་འགྱུར།
  • བོད་ཀྱིས་ཧུའུ་པེར་རིམས་འགོག་དངོས་ཟོག་ཁག་དྲུག་པ་ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-01

    བརྩེ་སེམས་སྦྲང་ཆར་ཧུའུ་པེའི་ཡུལ་དུ་ཕབ། བོད་ཧུའུ་བརྩེ་བ་ཆུ་བོའི་རྒྱུན་བཞིན་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་ངང་དམ་འཛིན་གང་ལེགས་བྱས་པ་དང་ཆབས་ཅིག སླར་ཡང་སྒོར་ཁྲི་1087.3རི་བའི་གཏེར་ཆུ་ཏུན་4600གྲབས་གསོག་བྱས་ནས་ཧོང་ཀང་གྲོང་ཁྱེར་ལ་ཏུན་1200དང་། ཞའོ་ཀན་གྲོང་ཁྱེར་ལ་ཏུན་1200 སུའེ་ཀྲོའུ་གྲོང་ཁྱེར་ལ་ཏུན་1200 ཤན་ཉིང་གྲོང་ཁྱེར་ལ་ཏུན་1000བཅས་ཞལ་འདེབས་བརྒྱབ་ཡོད། ད་རེས་ཀྱི་ཞལ་འདེབས་དངོས་ཟོག་ཟླ་4ཚེས་29ཉིན་གྱི་ཕྱི་དྲོར་ཀྲུང་གོ་ལྕགས་ལམ་མྱུར་སྐྱེལ་ཀུང་སིས་ལྷ་སའི་དངོས་ཟོག་དབོར་འདྲེན་བབ་ཚུགས་ནུབ་མ་ནས་ཞལ་འདེབས་རྒྱག་ཡུལ་དུ་བཏང་བ་རེད།

    མིག་སྔའི་བར། རང་ལྗོངས་ཀྱིས་ཧུའུ་པེ་ཞིང་ཆེན་ལ་ཁྱོན་བསྡོམས་རིན་ཐང་སྒོར་ཁྲི་4771.4851རི་བའི་རང་བྱུང་འཐུང་ཆུ་དང་། བོད་ཕག་གི་ཤ སྔོ་ཚལ། འོ་མ་སོགས་རིམས་འགོག་དངོས་ཟོག་ཁག་དྲུག་ཞལ་འདེབས་བརྒྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།