དབུ་ཤོག>གསར་འགྱུར།
  • བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-05-01

     ཚེས་27ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཅི་གོ་ཀང་གིས་རུ་སྣེ་འཁྲིད་པའི་ཕྱོགས་བསྡུས་བརྟག་ཞིབ་ཚོགས་ཆུང་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་འབྲེལ་ཡོད་ལས་དོན་མི་སྣ་བཞུགས་མོལ་གནང་སྟེ། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་ལས་དོན་དང་། ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་གནད་དོན། 2019ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་ཀྱི་ཚུར་ལན་བསམ་འཆར་དག་ཐེར་གནས་ཚུལ་བཅས་ལ་བརྟག་ཞིབ་གནང་བ་མ་ཟད་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་གྲོས་འགོ་བཏོན་དོན། འབྲེལ་ཡོད་སྡེ་ཚན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་སྟེ་འགན་འཁྲི་དོན་འཁྱོལ་དང་། སྲིད་ཇུས་དོན་འཁྱོལ། ལས་དོན་དོན་འཁྱོལ་བཅས་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དམིགས་ཚད་དམ་པོར་བཟུང་ནས་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་གནད་དོན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཚུར་ལན་བསམ་འཆར་གྱི་གྲལ་བཤེར་དག་ཐེར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས“མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་བྱེད་པ། 《དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མཛུབ་ཁྲིད་བསམ་འཆར》ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པ”འདི་ཉིད་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་དུ་གཏོང་བའི་དུས་ཚོད་ལ་བརྩིས་ནས་ཇུས་འགོད་ནན་ཏན་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ལེགས་སུ་ཏན་ཏིག་བཏང་སྟེ། རང་ལྗོངས་ཀྱིས་དུས་བཀག་ལྟར་སྤུས་ཚད་མཐོ་པོའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།