དབུ་ཤོག>གསར་འགྱུར།
  • ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་གསོ་ཉར་ཞབས་ཞུ་ལྟེ་གནས་ཀྱིས་དབང་པོ་སྐྱོན་ཅན་གྱི་དཔེ་དེབ་ལྟ་ཀློག་ཁང་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-24

    དབང་པོ་སྐྱོན་ཅན་གྱི་ཡོན་ཚད་མཐོ་རུ་གཏོང་བ་དང་སྤྲོ་སྣང་ལྡན་པའི་དཔེ་ཀློག་གི་ཁོར་ཡུག་གཏོད་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་དབང་སྐྱོན་ལྷན་ཚོགས་ཀྱིས་བཀོད་སྒྲིག་བྱས་པ་དང་གསོ་ཉར་ལྟེ་གནས་ཀྱི་ལས་དོན་མི་སྣས་འབད་བརྩོན་བྱས་པ་བརྒྱུད། དབང་པོ་སྐྱོན་ཅན་གསོ་ཉར་ཞབས་ཞུ་ལྟེ་གནས་ཀྱིས་གསོ་ཉར་ཁང་གི་དཔེ་དེབ་ལྟ་ཀློག་ཁང་དུ་དཔེ་དེབ་གསར་པ་སྒྲིག་གཤོམ་དང་མཛོད་འཇུག་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་ཁང་དེའི་དཔེ་ཀློག་ཁང་དུ་དཔེ་སྒྲོམ་དང་སྒྲོག་ཙེ། རྐུབ་བཀྱག་སོགས་ཀྱི་སྒྲིག་ཆས་ཡོད་ལ། གསར་དུ་ཉོས་པའི་དཔེ་དེབ་ཀྱི་གྲས་སུ་རྩོམ་རིག་དང་སྤྱི་ཚོགས་རིག་ཚན་དང་། རྟོགས་བརྗོད། བློ་སྦྱོང་དཔེ་དེབ། དེ་བཞིན་དབང་པོ་སྐྱོན་ཅན་གྱི་ལས་དོན་དང་འཚོ་བར་ཐད་ཀར་འབྲེལ་བ་ཡོད་པའི་དཔེ་དེབ་དང་། ཆབ་སྲིད། དྲག་སྐྱེད་སོགས་དང་འབྲེལ་བ་ཡོད་པའི་དཔེ་དེབ་དང་དུས་དེབ་སོཌ་ཁྱོན་བསྡོམས་2000ལྷག་ཙམ་ཡོད། དབང་པོ་སྐྱོན་ཅན་གྱི་དཔེ་དེབ་ལྟ་ཀློག་ལ་སྟབས་བདེ་བསྐྲུན་ཆེད། ལས་དོན་མི་སྣས་དཔེ་ཀློག་ཁང་གི་སྒྲིག་བཀོད་དང་དཔེ་སྒྲོམ་སོགས་འདེམས་པ་དང་། སྒྲིག་སྦྱོར་བྱེད་སྐབས་ཀྱང་དབང་པོ་སྐྱོན་ཅན་གྱི་དམིགས་བསལ་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་པ་མ་ཟད། ད་དུང་ཐོགས་མེད་ལྟ་ཀློག་ཁོར་ཡུག་དང་སྤྲོ་སྣང་ལྡན་པའི་སློབ་སྦྱོང་ཁོར་ཡུག་ཀྱང་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།