
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་སྔོ་ཚལ་འདེབས་འཛུགས་ལས་རིགས་དར་རྒྱས་ཆེན་པོ་སོང་བ་དེས་མི་སེར་གྱི“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་སུ་སོང་བ་མ་ཟད། རྒྱ་ཆེའི་འདེབས་འཛུགས་དུད་ཚང་ལ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡང་མཁོ་འདོན་ཐུབ་ཡོད། ཆུ་ཤུར་རྫོང་སྙེ་ཐང་ཤང་བདེ་སྐྱིད་གྲོང་ཚོར་དྲོད་ཁང་ཆེ་མོ་3000ལྷག་ཙམ་ཡོད་པ་དེ་དག་ལྷ་སའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་གཙོ་བོར་གྱུར་ཡོད། འདི་ནི་བདེ་སྐྱིད་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་བཟང་ཕུན་ཚོགས(དཀྱིལ)དང་ཧྲུའུ་ཅི་དང་པོ་བཀྲ་ཤིས(གཡས་ཀྱི་དང་པོ)ཀྱིས་འདེབས་འཛུགས་རྟེན་གཞིར་སྔོ་ཚལ་སྐྱེ་ཚུལ་ཤེས་རྟོགས་བྱེད་བཞིན་པ།