ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་ནས་ནག་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བ་དང་ནས་ནག་གི་སྤུས་རྟགས་གྲགས་ཅན་བཏོད་དེ“འཇོན་ཐང་ཅན+རྟེན་གཞི+ཞིང་དུད་ཁྲོམ་ར་བཅས་ཀྱི”གཉེར་སྐྱོང་བྱེད་སྟངས་གཞིར་བཟུང་། རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ལག་རྩལ་པ་མངགས་ཏེ་སོན་བཟང་ནང་འདྲེན་དང་། ཚན་རིག་དང་མཐུན་པའི་འདེབས་འཛུགས། ཞིང་ནང་གཡོག་བྱེད། ཐོན་རྫས་ཕྱིར་ཚོང་སོགས་ཀྱི་ལྷུ་ཚིགས་ཐད་རོགས་སྐྱོར་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་བཏང་བ་རེད།
འདི་ནི་ལྷུན་རྩེ་རྫོང་བྱ་ཡུལ་ཤང་གི་ནས་ནག་རྩམ་པ་ལས་སྣོན་བཟོ་གྲྭར་བཟོ་པས་རྩམ་རྒྱུ་སྐེམ་བཞིན་པ།