དབུ་ཤོག>གསར་འགྱུར།
  • ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་57གཅིག་སྡུད་ཐོག་ལས་འགོ་བཙུགས་པ་དང་ལས་འགོ་བསྐྱར་འཛུགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2020-04-17

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་14ཉིན་གློག་འཕྲིན་འབྱོར་གསལ། 2020ལོའི་ཅང་སུའུ་ཡི་བོད་སྐྱོར་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་བཙུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་མཛད་སྒོ་དེ་ཚེས་13ཉིན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་འཚོགས་པ་རེད། རྣམ་གྲངས་དེ་དག་དམངས་འཚོ་ལེགས་གཏོང་དང་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་སོགས་དང་འབྲེལ་བ་ཡོད་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་རིང་མ་འཇོག་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག་ཐད་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།

    ཅང་སུའུ་ཡིས་འདི་ལོ་བཀོད་སྒྲིག་བྱས་པའི་བོད་སྐྱོར་རྣམ་གྲངས་57ལ་མ་དངུལ་སྒོར་དུང་ཕྱུར་3.7257ཟིན་པའི་ནང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུའི་རིགས་ཀྱི་རྣམ་གྲངས་དང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རིགས་ཀྱི་རྣམ་གྲངས། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ལས་ཞུགས་ལ་སྐུལ་གཏོང་རིགས་ཀྱི་རྣམ་གྲངས་སོགས་ཚུད་ཡོད་པ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཅང་སུའུ་ཞིང་ཆེན་གྱིས་ལྷ་ས་གྲོང་ཁྱེར་དང་ཁ་གཏད་རོགས་སྐྱོར་རྫོང་དང་ཆུས་ཀྱི་དངོས་ཡོད་དགོས་མཁོར་དམིགས་ཏེ་དབུལ་སྒྲོལ་འགག་སྒྲོལ་དང་། ཐོན་ལས་འཕེལ་རྒྱས།   གཞི་རིམ་གྱི་དམངས་འཚོ་བཅས་ལ་གཞིགས་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་19.2བཏང་བ་དང་རྣམ་གྲངས་335ལག་ལེན་བསྟར་ཏེ་མི་སེར་ལ་ཐད་ཀར་ཕན་པ་ཐོབ་པའི་དམངས་འཚོའི་འདུ་འགོད་དང་སྐུལ་ཁྲིད་ཀྱི་ཕན་ནུས་མངོན་གསལ་དོད་པོ་ལྡན་པའི་ཐོན་ལས་རྣམ་གྲངས་ཁག་གཅིག་བཏོད་ཡོད། དེ་དག་ལས་རོགས་སྐྱོར་དང་ལེན་བྱེད་མཁན་རྫོང་དང་ཆུས་ཀྱི་ཐོན་སྐྱེད་དང་། འཚོ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་བཅས་ལེགས་བཅོས་བྱུང་ཞིང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་གོང་མཐོར་བརྟན་པོ་སོང་ལ། ཁྱད་ལྡན་ཐོན་ལས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་སྒོ་ནས་འཕེལ་རྒྱས་བྱུང་ཡོད་པ་རེད།

    ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་སྐབས་བོད་ཀྱི་ས་གནས་ཁག་གིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་བྱ་རྒྱུར་དོ་སྣང་བྱས་པ་དང་། ཕྱོགས་ཅིག་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་མ་གཏོང་བ་དང་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་བྱེད་མགྱོགས་སུ་བཏང་ཡོད། ཟླ་3ཚེས་15ཉིན་ལྷ་ས་གྲོང་ཁྱེར་གྱིས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་347.3བཏང་ནས་གཙོ་གནད་རྣམ་གྲངས་32གཅིག་སྡུད་ཐོག་ལས་འགོ་བཙུགས་པའམ་ལས་འགོ་བསྐྱར་འཛུགས་བྱས་ཡོད། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ལི་མིང་ཅན་གྱིས་གྲོང་ཁྱེར་ཡོངས་ཀྱིས་འདི་ལོ་གཙོ་གནད་རྣམ་གྲངས་80བཀོད་སྒྲིག་བྱས་པ་ནས་མིག་སྔའི་བར་རྣམ་གྲངས་55ལས་འགོ་བཙུགས་པའམ་ལས་འགོ་བསྐྱར་འཛུགས་བྱས་ཏེ་ལས་འགོ་བཙུགས་པའམ་ལས་འགོ་བསྐྱར་འཛུགས་བྱེད་ཚད་69%ཟིན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།