
འདི་ནི་ལས་དོན་མི་སྣས་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོར་མང་ཚོགས་ལ་ལས་སྒོ་གཉེར་བཞིན་པ། མང་ཚོགས་སྤྱི་ཚོགས་འགན་སྲུང་གཱ་བེད་སྤྱོད་ལས་སྒོ་གཉེར་དཀའ་བ་དང་དངུལ་བཅོལ་ལས་སྒོ་གཉེར་སྐབས་བང་རིང་པོ་སྒྲིག་དགོས་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མཐའ་མའི་འགག་གནད་སེལ་ཆེད། ཉེ་ཆར། ཀྲུང་གོ་ཞིང་ལས་དངུལ་ཁང་མལ་གྲོ་གུང་དཀར་རྫོང་ཉིང་ལག་དངུལ་ཁང་གིས་ལས་བཟོ་སྒྲིག་འཛུགས་བྱས་ཏེ་སྒོ་འགྲམ་དུ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་ནས། ས་གནས་དེའི་རྒྱ་ཆེའི་མང་ཚོགས་ལ་སྟབས་བདེ་ཞིང་སྤུས་ཚད་ལེགས་པའི་ཞབས་འདེགས་ཞུས་པས་དགའ་བསུ་ཆེན་པོ་ཐོབ་ཡོད།