དབུ་ཤོག
  • གཟའ་འཁོར་འདིར་ཉིང་ཁྲིར་ཆར་ཆུ་ཡང་སེ་འབབ་རྒྱུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-04-07

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (2020ལོའི་ཟླ་4ཚེས་6ནས་12ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ། ཉིང་ཁྲིར་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ནག་ཆུའི་ཤར་རྒྱུད་དང་། ཆབ་མདོ། ལྷ་ས་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པའམ་གངས་སིམ་སིམ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ།

    གཟའ་ལྷག་པར། ཉིང་ཁྲི་དང་མངའ་རིས་སུ་ཆར་པའམ་གངས་ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ།

    གཟའ་ཕུར་བུ་དང་པ་སངས་ལ། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོའི་ལྷོ་རྒྱུད་བཅས་སུ་ཆར་པའམ་གངས་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ། ས་ཆ་ཁག་གཅིག་ལ་ཆར་པའམ་གངས་སིམ་སིམ་འབབ་རྒྱུ།

    གཟའ་མཇུག་ཉིན་གཉིས་རིང་། ཉིང་ཁྲིར་གནམ་འཐིབས་ནས་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཁུལ་གཞན་དག་ལ་གནམ་དྭངས་པ་ནས་སྤྲིན་པ་མང་དུ་འགྲོ་རྒྱུ།

    གཟའ་འཁོར་འདིའི་ནང་བྱང་ཐང་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་མཐོ་སར་ལྷགས་པ་ཆེན་པོ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་ལུང་གཞུང་དུ་ཐོལ་རླུང་རིམ་པ་5ཡས་མས་རྒྱག་རྒྱུ།

    གཉིས། གྲོས་འགོ

    1.ས་བབ་མཐོ་བའི་རི་ཁུལ་དུ་གངས་གསོག་དང་འཁྱགས་པ་ཐེབས་ནས་འགྲོ་ལམ་འགྲིམ་འགྲུལ་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་གཟབ་དགོས།

    2.ཤར་རྒྱུད་ས་ཁུལ་དུ་གངས་རྡིབ་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཐོན་རྒྱུར་གཟབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།