ཉེ་ཆར། བོད་རང་སྐྱོང་ལྗོངས“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུད། བོད་རང་སྐྱོང་ལྗོངས་པར་དབང་ཅུད་བཅས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི“འཆལ་སེལ་ལོག་རྡུང”ལས་དོན་གྱི་ཐེར་འདོན་བྱ་དགའི་བྱ་ཐབས》པར་འགྲེམ་བྱེད་པའི་ཐད་ཆེད་དུ་བརྡ་ཐོ་ཞིག་བཏང་འདུག
བརྡ་ཐོའི་ནང་བསྟན་དོན། ཆབ་སྲིད་ཀྱི་རང་བཞིན་ལྡན་ལ་བོད་དང་འབྲེལ་བའི་བཀག་སྡོམ་ནང་དོན་ལྡན་པའི་དཔེ་སྐྲུན་དངོས་པོ་དང་དྲིལ་བསྒྲགས་དངོས་པོ། གནོད་ཡོད་ཆ་འཕྲིན་རིགས་སྒྲིག་བཟོ་དང་འདྲ་བཟོ། པར་སྐྲུན། ལོག་ཚོང་། བརྒྱུད་སྤེལ་བཅས་ཀྱི་རིགས་ཐེར་འདོན་བྱས་ནས། ཐེར་འདོན་བྱེད་ཡུལ་ཁྲིམས་བཞིན་ཐག་གཅོད་དང་ཡང་ན་གནོད་ཡོད་ཆ་འཕྲིན་བསུབས་རྗེས། ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་1000སྤྲོད་རྒྱུ། སྲིད་འཛིན་ཆད་གཅོད་ཀྱི་གྱོད་གཞི་གྲུབ་པའི་རིགས་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་1000ནས་5000བར་སྤྲོད་རྒྱུ། ཉེས་དོན་གྱོད་གཞི་གྲུབ་པའི་རིགས་ཐེར་འདོན་བྱེད་མཁན་ལ་སྒོར་5000ནས་ཁྲི་གཅིག་བར་གྱི་བྱ་དགའ་སྤྲོད་རྒྱུ། ཚབས་ཆེའི་ཁྲིམས་འགལ་གྱོད་གཞིའི་ཁུངས་སྣེ་མཁོ་འདོན་བྱས་ནས་དྲ་ཐོག་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཐད་ལེགས་སྐྱེས་ཆེས་མངོན་གསལ་དོད་པོ་འབུལ་མཁན་ལ་ཐེར་འདོན་བྱེད་ཐེངས་རེར་བྱ་དགའི་དངུལ་སྒོར་ཉིས་ཁྲི་ནས་ལྔ་ཁྲིའི་བར་སྤྲོད་རྒྱུ།
ཐེར་འདོན་ཐབས་ལམ།
1.ཐེར་འདོན་བདག་སྤྲོད་བྱེད་གནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཅང་སུའུ་ལམ་སྒོ་རྟགས་དང་པོ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་རིག་གནས་བདེ་འཇགས་ལྟ་འདོམས་ཁྲུའུ(རང་སྐྱོང་ལྗོངས“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་)
2.ཐེར་འདོན་བདག་སྤྲོད་ཁ་པར། 0891—6177260
3.ཐེར་འདོན་བདག་སྤྲོད་བརྙན་སྐྱེལ།0891—6360785
4.ཐེར་འདོན་བདག་སྤྲོད་གློག་རྡུལ་ཡིག་སྒམ། xizang@shdf.gov.cn