དབུ་ཤོག
  • སྟག་མོ་ཁའི་ཕུག་ལམ་ལ་དུས་ཚོད་མི་འདྲ་བར་མོ་ཊ་བཀག་སྡོམ་བྱེད་ཀྱི་ཡོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2020-04-02

    ཞིང་ཆེན་རིམ་པའི་གཞུང་ལམ་504རྒྱུད་ཀྱི་གཞུང་ལམ་དང་ཕུག་ལམ་གྱི་སྤུས་ཚད་མཐོ་རུ་གཏོང་བའི་རྣམ་གྲངས་ཀྱི་དགོས་མཁོའི་དབང་གིས། བདེ་བླག་ངང་ཨར་ལས་དང་དེའི་རིང་གི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱ་ཆེད། ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་གིས་མོས་མཐུན་བྱས་པ་བརྒྱུད། ཞིང་ཆེན་རིམ་པའི་གཞུང་ལམ་504རྒྱུད་ཀྱི་སྟག་མོ་ཁའི་ཕུག་ལམ་དུ་འགྲིམ་འགྲུལ་བཀག་སྡོམ་བྱེད་ཀྱི་ཡོད་ཅིང་། འགྲིམ་འགྲུལ་བཀག་སྡོམ་གྱི་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ཏེ།

    གཅིག  འགྲིམ་འགྲུལ་བཀག་སྡོམ་གྱི་དུས་ཚོད། 2020ལོའི་ཟླ་3ཚེས་31ཉིན་ནས་2020ལོའི་ཟླ་5ཚེས་10ཉིན་བར།

    ཞིབ་ཕྲའི་དུས་ཚོད་གཤམ་གསལ་ཏེ།

    1.བཀག་སྡོམ་གྱི་དུས་ཚོད། 

    08∶00 —11∶00 

    13∶00 —17∶30  

    20∶30 —(ཉིན་གཉིས་པའི)6∶00

    2.མོ་ཊ་གཏོང་ཆོག་པའི་དུས་ཚོད། 

    6∶00 — 08∶00 

    11∶00 —13∶00 

    17∶30 —20∶30

    གཉིས། ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་བདེ་འཇགས་ཆེད། འགྲིམ་འགྲུལ་བཀག་སྡོམ་བྱེད་རིང་མོ་ཊ་ཚང་མ་འགྲོ་འོང་བྱེད་མི་ཆོག་པ་དང་། ངེས་པར་དུ་འགྲིམ་འགྲུལ་བཀག་སྡོམ་བྱེད་མཁན་གྱི་བཀོད་འདོམས་ལ་ཉན་དགོས། གལ་ཏེ། གཏན་འབེབས་ལས་འགལ་ཚེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཐག་གཅོད་བྱ་རྒྱུ་རེད།

    གསུམ། ཨར་ལས་བྱེད་རིང་རྒྱ་ཆེའི་འགྲུལ་པ་དང་ཁ་ལོ་བས་སྔོན་ཚུད་ནས་ལམ་ཐིག་ཡག་པོ་བདམས་ཏེ་བདེ་འཇགས་ལ་དོ་སྣང་བྱེད་དགོས་ལ། དེའི་རིང་ཁྱེད་ལ་འགོག་རྐྱེན་བཟོ་སྲིད་པས་དགོངས་བཞེས་ཡོད་པ་ཞུ།

    བཞི། སྤྱི་བསྒྲགས་འདི་བཀྲམ་པའི་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ། 

    ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་གིས།

    2020ལོའི་ཟླ་3ཚེས་30ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།