
ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་ཐུབ་པ་དང་མང་ཚོགས་ཚོས་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ཀྱི་ལས་སྒོ་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་ཆེད། ལྷ་ས་གྲོང་ཁྱེར་འཁོར་རིགས་དོ་དམ་སུའོ་སོགས་འབྲེལ་ཡོད་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བརྒྱུད། མིག་སྔར་ལྷ་ས་ཁང་ཏ་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ལྟེ་གནས་དང་། བོད་ལྗོངས་དབྱི་ཁྲེང་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ལྟེ་གནས། ལྷ་ས་ཧུང་ཧྥ་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ས་ཚིགས། ཆུ་ཤུར་རྫོང་ཅིན་ཤིན་རླངས་འཁོར་ཞིབ་དཔྱད་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ལས་གཉེར་བྱེད་འགོ་ཚུགས་འདུག
སྔོན་མངགས་བྱེད་སྟངས། གཟའ་འཁོར་འདིའི་གཟའ་མཇུག་ལའང་ཞིབ་དཔྱད་ས་ཚིགས་ཁག་ནས་སྔར་བཞིན་ཞིབ་དཔྱད་བྱེད་ཀྱི་ཡོད། འཁོར་བདག་གིས་ས་ཆ་དེ་རང་ནས་སྔོན་མངགས་གམ་ཡང་ན་འགྲིམ་འགྲུལ་དོ་དམ་གྱི“12123”APPནས་སྔོན་མངགས་བྱས་ཏེ་ཞིབ་དཔྱད་བྱེད་ཆོག
དོ་སྣང་བྱེད་དགོས་པ་ཞིག་ལ། མིག་སྔར་ཞིབ་དཔྱད་ས་ཚིགས་ཁག་ཏུ་འཁོར་བདག་རང་ཉིད་ཡོང་དགོས་པ་ལས་ཚབ་གཉེར་བྱེད་ཆོག་གི་མེད།
ལྷ་ས་ཁང་ཏ་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ས་ཚིགས།
བློ་འདྲིའི་ཁ་པར། 0891-6152711
བོད་ལྗོངས་ཧུང་ཧྥ་འཕྲུལ་སྒུལ་འཁོར་རིགས་ཕྱོགས་བསྡུས་ཞིབ་དཔྱད་ས་ཚིགས།
བློ་འདྲིའི་ཁ་པར། 0891-6392600
ལྷ་ས་དབྱི་ཁྲེང་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ས་ཚིགས།
བློ་འདྲིའི་ཁ་པར། 0891-6650001
ལྷ་ས་ཆུ་ཤུར་རྫོང་ཅིན་ཤིན་རླངས་འཁོར་ཞིབ་དཔྱད་ལྟེ་གནས།
བློ་འདྲིའི་ཁ་པར། 0891-6160000
ཤ་ཚའི་དྲན་སྐུལ། ལྷ་ས་ཁང་ཏ་འཕྲུལ་སྒུལ་འཁོར་རིགས་ཞིབ་དཔྱད་ལྟེ་གནས་ཀྱི་འགན་འཁུར་བ་ཞི་དབྱི་ཧྭ་ཡིས་རླངས་འཁོར་ཞིབ་དཔྱད་བྱེད་སྐབས་འཁོར་བདག་གི་ཐོབ་ཐང་ལག་ཁྱེར་དང་། འགྲུལ་བཞུད་ལག་ཁྱེར། འགན་བཅོལ་ཡིག་ཆ། འཁོར་གྲུའི་དཔྱ་ཁྲལ་གྱི་མ་དེབ་སོགས་ཚང་མ་ངེས་པར་དུ་འཁྱེར་དགོས་ལ། སྒྲིག་འགལ་སྔོན་ལ་ཐག་གཅོད་བྱས་རྗེས་གཞི་ནས་རླངས་འཁོར་ལ་ཞིབ་དཔྱད་བྱེད་ཆོག་ཅེས་བཤད།