ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུ་ཆེད་ཉིན་ཤས་བསྟུད་མར་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་གྱིས་མུ་མཐུད་ཞལ་འདེབས་ཧུར་ཐག་ཕུལ་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད། བསྡོམས་རྩིས་ལ་གཞིགས་ན། ཟླ་3ཚེས་26ཉིན་བར་རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི་7901ལྷག་ཙམ་གྱིས་རང་འགུལ་ངང་ཞལ་འདེབས་སྒོར་དུང་ཕྱུར་82.6བརྒྱབ་པ་དང་ཞལ་འདེབས་འབུལ་བའི་བྱེད་སྒོ་མུ་མཐུད་སྤེལ་བཞིན་ཡོད་པ་རེད།