དབུ་ཤོག>གསར་འགྱུར།
  • ལས་བྱེད་པ་གྲོང་སྡོད་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-28

    དུས་རབས་གསར་པའི་ལས་བྱེད་པའི་གནད་སྨིན་གྲོང་སྡོད་ཀྱི་ཚོད་ལྟའི་ལས་དོན་ཡག་པོ་སྤེལ་རྒྱུ་ནི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་རང་འགུལ་དབང་ཆ་སྟངས་འཛིན་ཏན་ཏིག་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་བཅས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད།

    སྨྱུག་འཛིན་པའི་ངོས་འཛིན་ལྟར་ན། དུས་རབས་གསར་པའི་ལས་བྱེད་པའི་གནད་སྨིན་གྲོང་སྡོད་ཀྱི་ཚོད་ལྟའི་ལས་དོན་ཡག་པོ་སྤེལ་བའི་དོན་སྙིང་དངོས་དང་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཤེས་རྟོགས་གསལ་པོ་བྱས་ཏེ། ལས་ཀའི་དགོས་གཏུགས་ཀྱི་བསམ་པ་དང་། འགན་འཁྲིའི་བསམ་པ། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་གཏོང་དགོས།

    མངོན་གསལ་དོད་པོས་གཞི་རིམ་གྱི་ཏང་འཛུགས་སྐྱོང་བྱེད་དགོས་ཤིང་། སྒྲིག་འཛུགས་བྱེད་ནུས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ཁར། ཆབ་སྲིད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་ནས། གཞི་རིམ་ཏང་རྩ་འཛུགས་དེ་ཉིད་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། ཏང་གི་ཐབས་ཇུས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་བའི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས།

    མངོན་གསལ་དོད་པོས་དམངས་ཀྱི་བསམ་ཚུལ་དང་དམངས་ཀྱི་བསམ་འདུན་ཤེས་རྟོགས་བྱེད་དགོས་ཤིང་། གྲོང་སྡོད་ལས་བྱེད་པས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་ཚོ་ཡོངས་ཀྱི་གཞི་རྩའི་གནས་ཚུལ་དང་། གྲོང་ཚོ་ཁག་གི་འཕེལ་རྒྱས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ། ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་ཞན་ཆ་སོགས་ལ་དམིགས་ཏེ་ཕྱོགས་ཡོངས་ནས་གྲལ་བཤེར་དང་བརྟག་ཞིབ་བྱེད་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་དམིགས་ཏེ་ཕྱོགས་ཡོངས་ནས་བསམ་གཞིག་དང་ཕྱོགས་བསྡུས་དབྱེ་ཞིབ་བྱེད་པ། དོན་ཐོག་ཏུ་འཁྱོལ་ཐུབ་པའི་ཁ་གཏད་གཅོག་ཐབས་དང་གྲོས་འགོ་འདོན་པ་བཅས་བྱས་ནས་ལས་དོན་སྤེལ་བར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་དགོས།

    མངོན་གསལ་དོད་པོས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་དགོས་ཤིང་། གྲོང་སྡོད་ལས་བྱེད་པས“དམངས་སེམས་གཅིག་སྒྲིལ”གྱི་འགན་འཁྲི་རང་འགུལ་ངང་འཁུར་བ་དང་། “བློ་གཏད་བཅོལ་ས”དང“དྲིལ་བསྒྲགས་རུ་ཁག”གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་གདེང་ཚོད་ཆེར་གཏོང་དང་། དམངས་སེམས་གཅིག་སྒྲིལ། མི་སེམས་ལ་དྲོ་སྐྱིད་སྦྱིན་པ། བློ་སེམས་གཅིག་མཐུན་བཅས་ཡོང་ཤུགས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།