ཁ་ས་ཕྱི་དྲོ། གསར་འགོད་པར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་བོད་རང་སྐྱོང་ལྗོངས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ལས་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱིས་གནད་སྨིན་རིམས་འགོག་བྱེད་ཐབས་ལག་ལེན་བསྟར་བ་དང་། བོད་ཀྱི“བདེ་ཐང་རྟགས་རིས”སྤྱོད་འགོ་ཚུགས་ཡོད།

བོད་ལ་ཡོང་མཁན་ཚོས“བོད་ལྗོངས་སྲིད་དོན་ཞབས་ཞུའི”སྐད་འཕྲིན་སྤྱི་རྟགས་ཀྱི“བདེ་ཐང་ཐོ་འགོད་མ་ལག”བརྒྱུད། ཆ་འཕྲིན་འགོད་པ་དང་། ཆ་འཕྲིན་ལ་ལྟ་བ། གནས་ཚུལ་ཞིབ་དཔྱད་བཅས་བྱེད་དགོས།
བོད་དུ་ཡོང་མཁན་ཚོ་བདེ་ཐང་ཡིན་མིན་དང་སྡོད་གནས་སོགས་ཀྱི་གནས་ཚུལ་གཞིར་བཟུང་། ཐོ་བཀོད་ན་རྟགས་རིས་དམར་པོ་དང་། སེར་པོ། ལྗང་ཁུ་བཅས་དོན་གྱི་ཡོད།

རྟགས་རིས་དམར་པོ་ཐོན་ན། དམིགས་འཛུགས་སྨན་ཁང་ལ་སྨན་བཅོས་བྱེད་དགོས་པའམ་ཡང་ན་གཅིག་སྡུད་ལོགས་སུ་བཞག་ནས་གསོ་རིག་གི་ལྟ་ཞིབ་བྱེད་དགོས་ཀྱི་ཡོད།
རྟགས་རིས་སེར་པོ་ཐོན་ན། ཁྱིམ་དུ་ལོགས་སུ་འཇོག་པའམ་གཅིག་སྡུད་དམིགས་འཛུགས་སུ་ལོགས་སུ་བཞག་ནས་ཉིན་ལྟར་ཚ་བ་ཐེངས་གཉིས་ལྟ་བ་དང་། བདེ་ཐང་ཐོ་འགོད་མ་ལག་ལ་ཉིན་རེའི་གནས་ཚུལ་འགོད་དགོས།
རྟགས་རིས་ལྗང་ཁུ་ཐོན་ན། སྒེར་གྱི་འགོག་སྲུང་ལ་དོ་སྣང་དང་། ཚ་བ་ལྟ་བ་སོགས་ཀྱི་རིམས་འགོག་ལས་ཀར་གཞོགས་འདེགས་ཡག་པོ་བྱེད་དགོས།
དེ་དང་དུས་མཚུངས། རང་ལྗོངས་ཀྱིས་ལྗོངས་ཕྱིའི་ཞིང་ཆེན་དབར་བདེ་ཐང་ཤར་བགྲོད་རྟགས་རིས་ཀྱི་ཞིབ་དཔྱད་དང་ངོས་འཛིན་བྱེད་སྟངས་ལ་སྐུལ་འདེད་བཏང་སྟེ། རང་ལྗོངས་ཀྱི་རིམས་འགོག་ལས་ཀར་ཕན་འབྲས་ཐོན་པ་དང་། སྟབས་བདེ་སྐྲུན་པ། གོ་རིམ་ལྡན་པའི་ངང་སྤེལ་བར་ཤུགས་སྣོན་བརྒྱབ་ནས། ཐོན་སྐྱེད་སླར་གསོ་ཡོང་བར་སྐུལ་མ་གཏོང་རྒྱུ་རེད།

གསར་འགྱུར+
ཟླ་3ཚེས་25ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བརྒྱད་པ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཀེང་ཡུན་གྱིས་ངོ་སྤྲོད་བྱས་དོན། མིག་སྔར། བོད་དུ་ཡོང་མཁན་མི་ཁྲི་47ལྷག་ཙམ་ལ་གྲལ་བཤེར་བྱས་ཟིན་པ་དང་། ནད་དཔེ་གྲལ་བཤེར་བྱེད་ཚད་མི་ཐེངས་ཁྲི་133ཟིན་པ། འགོ་ནད་འགོས་མིན་གྱི་བརྟག་དཔྱད་བྱེད་ཐབས་ལ་བརྟེན་ནས་མི་16735ལ་བརྟག་དཔྱད་བྱས་པ་རེད།

མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཚ་བའི་སྒོ་བསྟེན་སྨན་ཁང་གིས་མི་ཐེངས་9228ལ་ཚ་བ་བལྟས་པ་དང་། མི་ཐེངས་6096ལ་ལྟ་ཞིབ་བྱེད་བཞིན་ཡོད།