
ཉིན་ཤས་བསྟུད་མར། ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོ་དང་། ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་། ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་། ལྷ་ཀླུ་སློབ་ཆུང་བཅས་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་བཞིའི་ས་འོག་རིག་ལྡན་རླངས་འཁོར་འཇོག་ཁུལ་གྱི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་སྐྲུན་འགོ་ཚུགས་འདུག

ཧའེ་ཁྲེང་སློབ་ཆུང་གི་ས་འོག་རིག་ལྡན་རླངས་འཁོར་འཇོག་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ།

ལྷ་ཀླུ་སློབ་ཆུང་ས་འོག་རིག་ལྡན་རླངས་འཁོར་འཇོག་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ།
འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་དག་ལས་ལྷ་ས་གྲོང་ཁྱེར་ལ་རླངས་འཁོར་འཇོག་ས་1122མང་དུ་འགྲོ་རྒྱུ་ཡིན་པ་དང་། དེའི་ནང་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་ས་འོག་རླངས་འཁོར་འཇོག་ཁུལ་དུ་རླངས་འཁོར་འཇོག་ས་351དང་། ཁྲེང་ཀོན་ཆུས་ཞོལ་སློབ་ཆུང་གི་རླངས་འཁོར་འཇོག་ཁུལ་དུ་རླངས་འཁོར་འཇོག་ས་150 ལྷ་ཀླུ་སློབ་ཆུང་གི་ས་འོག་རླངས་འཁོར་འཇོག་ཁུལ་དུ་རླངས་འཁོར་འཇོག་ས་430 ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གི་ས་འོག་རླངས་འཁོར་འཇོག་ཁུལ་དུ་རླངས་འཁོར་འཇོག་ས་191བཅས་ཡོད་ཅེས་ངོ་སྤྲོད་བྱས།

ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོའི་ས་འོག་རིག་ལྡན་རླངས་འཁོར་འཇོག་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ།

ཞོལ་སློབ་ཆུང་གི་ས་འོག་རིག་ལྡན་རླངས་འཁོར་འཇོག་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་སའི་སློབ་གྲྭ་བཞིའི་ས་འོག་རིག་ལྡན་རླངས་འཁོར་འཇོག་ཁུལ་གྱི་རྣམ་གྲངས་ནི་ལྷ་ས་གྲོང་ཁྱེར་གྱིས་ས་འོག་རླངས་འཁོར་ཁུལ་དང་སློབ་གྲྭའི་འབྲེལ་ཡོད་སྒྲིག་བཀོད་འཛུགས་སྐྲུན་ཟུང་འབྲེལ་དམ་ཟབ་བྱས་པའི་ལས་གྲྭ་གལ་ཆེན་ཞིག་རེད། རྣམ་གྲངས་དེ་བསྐྲུན་རྗེས་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་ཁག་དང་ཉེ་འཁོར་གྲོང་མིའི་རླངས་འཁོར་འཇོག་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་མ་ཟད། ཕྱོགས་ཡོངས་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ལེགས་སུ་གཏོང་ཐུབ་རྒྱུ་རེད་འདུག