
ལྷོ་ཁ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་བྱེད་ཐབས་སྣ་མང་དང་ནང་དོན་ཕུན་སུམ་ཚོགས་པའི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་དཀའ་ངལ་ཡོད་པའི་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་ཚོར་ཐུབ་པ་བྱས་ཏེ་ལེ་ཧྥུང་གི་སྙིང་སྟོབས་ལ་དུས་རབས་ཀྱི་ནང་དོན་བསྣན་ཞིང་། འདི་ནི་མཚོ་སྨད་རྫོང་གི་དང་བླངས་པ་ཚོས་རྫོང་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་རྒན་རྒོན་ཚོར་བག་ཚ་མར་ཁུ་བཟོ་བཞིན་པ།