ཚེས་20ཉིན་ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན·ཧན་གྱིས་དམངས་ཚོགས་ལ་སྤྱི་ཚོགས་འབྲེལ་བའི་བྱེད་སྒོ་ཉུང་དུ་བཏང་ནས་མི་དང་མིའི་དབར་འབྲེལ་བ་བྱེད་སྐབས་བར་ཐག་འཇོག་དགོས་པའི་སྐུལ་མ་བཏང་བ་རེད། ཕ་ཁི་སི་ཐན་སྲིད་གཞུང་གིས་དེ་གོང་རྒྱལ་ཡོངས་ཁྱབ་ཁོངས་ནང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ནན་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། དེའི་ནང་སློབ་གསོའི་སྒྲིག་གཞི་ཡོངས་ཀྱིས་ཟླ་4ཚེས་5ཉིན་བར་སློབ་ཚན་འཚོག་མཚམས་འཇོག་རྒྱུ་དང་། ཚོགས་འདུ་ཆེ་གྲས་དང་རིག་རྩལ་བྱེད་སྒོ་ཆེ་གྲས་སྤེལ་མཚམས་འཇོག་རྒྱུ་སོགས་ཚུད་ཡོད། འདི་ནི་ཟླ་3ཚེས་22ཉིན་ཕ་ཁི་སི་ཐན་གྱི་དབྱི་སི་ལམ་པོར་མི་རྣམས་ཀྱིས་ཏོག་གསར་གློ་ཚད་ཞིབ་དཔྱད་ཚད་ལེན་བྱེད་ཐུབ་པའི་སྨན་ཁང་ཞིག་གི་ཕྱི་རོལ་དུ་བསྒུགས་ནས་སྡོད་བཞིན་པ།