གསར་འགོར་པར་ཧུའུ་པེ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ས་གནས་དེ་གའི་རིམས་འགོག་བཀོད་འདོམས་པུའི་ཆོག་མཆན་ཐོབ་པ་བརྒྱུད། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་དོན་འཁྱོལ་ནན་ཏན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཟླ་3ཚེས་23ཉིན་གྱི་ཉིན་དགུང་གི་ཆུ་ཚོད་12པའི་བར་ཧུའུ་པེའི་Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་115གོ་རིམ་ལྡན་པའི་ངང་བསྐྱར་དུ་སྒོ་ཕྱེ་བ་དང་། དེས་ཞིང་ཆེན་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་བཞི་ཆ་གཅིག་ལྷག་ཙམ་བཟུང་ཡོད།
བསྐྱར་དུ་སྒོ་ཕྱེ་བའི་མཛེས་ལྗོངས་ཁུལ་གྱི་གྲས་སུ། ཤང་དབྱང་གྲོང་ཁྱེར་གྱི་24དང་། དབྱི་ཁྲང་གྲོང་ཁྱེར་གྱི་18 ཧོང་ཧྲི་གྲོང་ཁྱེར་གྱི་2 ཧྲི་ཡན་གྲོང་ཁྱེར་གྱི་48 ཅིང་ཀྲོའུ་གྲོང་ཁྱེར་གྱི་4 ཅིང་མོན་གྲོང་ཁྱེར་གྱི་3 ཤའོ་ཀན་གྲོང་ཁྱེར་གྱི་3 ཧོང་ཀང་གྲོང་ཁྱེར་གྱི་12 སུའེ་ཀྲོའུ་གྲོང་ཁྱེར་གྱི་1བཅས་ཚུད་ཡོད། ཡུལ་སྐོར་ལམ་ཐིག་གཙོ་བོ་ནི་མེ་ཏོག་ལ་ལྟ་བ་སོགས་དུས་ཚིགས་ཀྱི་མཛེས་ལྗོངས་ལ་ལྟ་སྐོར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་A5རིམ་པའི་མཛེས་ལྗོངས་ཁུལ་4ཚུད་ཡོད་པ་སྟེ། ཤང་དབྱང་གི་ཀུའུ་ལུང་ཀྲུང་མཛེས་ལྗོངས་ཁུལ་དང་། དབྱི་ཁྲང་འགག་གསུམ་མི་ཁྱིམ་མཛེས་ལྗོངས་ཁུལ། ཅེ་ཀུའེ་རྫོང་གི་ཆུས་ཡོན་གྱི་ཕ་ཡུལ་གྱི་མཛེས་ལྗོངས་ཁུལ། ཁྲང་དབྱང་ཆིང་ཅང་རི་མོའི་བར་ཁྱམས་ཡུལ་སྐོར་སྤྲོ་གསེང་ཁུལ་བཅས་ཡིན། A4རིམ་པའི་མཛེས་ལྗོངས་ཁུལ་35གྲས་སུ། ཧྲི་ཡན་གྲོང་ཁྱེར་གྱི་ཝུའུ་ལུང་གཙང་པོའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཅིང་ཀྲོའུ་གནའ་གྲོང་གི་ལོ་རྒྱུས་རིག་གནས་ཡུལ་སྐོར་ཁུལ། ཅིང་མོན་ཀྲང་ཧོ་གཙང་པོའི་མཛེས་ལྗོངས་ཁུལ། ཧོང་ཀང་དབྱི་ཨའེ་མཚེའུ་མཛེས་ལྗོངས་ཁུལ་སོགས་ཡོད་པ་རེད།
ཟླ་3ཚེས་22ཉིན་བཀྲམ་པའི《རིམས་ནད་ལ་ཁ་གཏད་བཅག་ནས་ཧུའུ་པེ་ཞིང་ཆེན་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གོ་རིམ་ལྡན་པའི་ངང་གཉེར་སྐྱོང་སླར་གསོའི་མཛུབ་ཁྲིད་བསམ་འཆར》ནང་ནན་བཤད་བྱས་དོན། རིམས་ནད་ཀྱི་ཉེན་ཁ་ཆུང་བའི་ས་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ས་ཁོངས་དང་རྣམ་གྲངས་དབྱེ་བའི་སྒོ་ནས་རིམ་པས་བསྐྱར་དུ་སྒོ་འབྱེད་རྒྱུ་སྟེ། བར་མཐོངས་ཆེ་བ་དང་། སྒོ་དབྱེ་རྣམ་པའི་ཁྲོམ་གཞུང་། རང་བྱུང་རིགས་ཀྱི་མཛེས་ལྗོངས་ཁུལ་བཅས་སྔོན་ལ་སྒོ་འབྱེད་རྒྱུ་དང་། མཛེས་ལྗོངས་ཁུལ་དུ་སྤྲོ་གསེང་ལྟ་སྐོར་བྱེད་ནུས་ཀྱི་ཞབས་ཞུ་སྔོན་ལ་ལག་ལེན་བསྟར་རྒྱུ། མཛེས་ལྗོངས་ཁུལ་གྱི་བར་མཐོངས་ཆེ་བའི་ཁུལ་སྔོན་ལ་སྒོ་འབྱེད་རྒྱུ་དང་། ཁང་པའི་ནང་གི་འགྲེམས་ཁང་གནས་སྐབས་སྒོ་རྒྱག་རྒྱུ། ཁང་པའི་ནང་དུ་ལྟ་སྐོར་བྱེད་རྒྱུ་གཙོ་བོར་བྱས་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གནས་སྐབས་སྒོ་རྒྱག་རྒྱུ་བཅས་ཡིན་པ་རེད། རིམས་ནད་ཚབས་ཆེ་བ་དང་འབྲིང་བའི་ས་ཁུལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྒོ་མུ་མཐུད་རྒྱག་རྒྱུ་ཡིན་པ་རེད།