ཚེས་22ཉིན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་སོགས་སྡེ་ཚན་ལྔ་ཡིས་སྤྱི་བསྒྲགས་བཀྲམ་ནས། ཟླ་3ཚེས་23ཉིན་གྱི་ཆུ་ཚོད་ཀླད་ཀོར་ནས(པེ་ཅིང་གི་དུས་ཚོད)བཟུང་། པེ་ཅིང་དུ་འཕུར་མཁན་རྒྱལ་སྤྱིའི་འགྲུལ་སྐྱེལ་གནམ་གྲུ་ཚང་མ་ངེས་པར་དུ་ཐེན་ཅིན་དང་། ཧྲེ་ཅ་ཀྲོང་། ཐའེ་ཡོན། ཧུའུ་ཧོ་ཧའོ་ཐེ། ཧྲང་ཧའེ་ཕུའུ་ཏུང་། ཅི་ནན། ཆིང་ཏའོ། ནན་ཅིན། ཧྲེང་དབྱང་། ཏ་ལེན། ཀྲེན་ཀྲོའུ། ཤིས་ཨན་བཅས་དམིགས་འཛུགས་ཀྱི་མངའ་ཁོངས་སུ་འཛུལ་ས་དང་པོ་ནས་འཛུལ་དགོས།
མཁའ་འགྲུལ་ཀུང་སི་ཁག་གི་དུས་གཏན་གནམ་གྲུའི་དམིགས་འཛུགས་ཀྱི་མངའ་ཁོངས་སུ་འཛུལ་ས་དང་པོ་ནས་འཛུལ་ས་དེ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་མཁའ་འགྲུལ་ཀུང་སིའི་གཞུང་ཕྱོགས་དྲ་བ་ནས་འདྲི་རྩད་ཐུབ་པ་དང་གོང་གསལ་རྒྱལ་སྤྱིའི་དུས་གཏན་གནམ་གྲུར་སྡོད་མཁན་འགྲུལ་པ་ཚོས་མངའ་ཁོངས་སུ་འཛུལ་ས་དང་པོར་རིམས་ནད་ཞིབ་བཤེར་བྱེད་པ་དང་མངའ་ཁོངས་སུ་འཛུལ་བའི་འགྲོ་ལུགས་གཉེར་དགོས་པ་མ་ཟད། རྡོག་ཁྲེས་ལ་དུག་སེལ་བྱེད་དགོས། རིམས་ནད་ཞིབ་བཤེར་བྱས་ནས་གནམ་གྲུར་སྡོད་ཆོག་པའི་འགྲུལ་པ་ཐོག་མའི་དུས་གཏན་གནམ་གྲུར་བསྡད་དེ་པེ་ཅིང་དུ་བསྐྱོད་ཆོག་པ་དང་པེ་ཅིང་ནས་སླར་ཡང་རྡོག་ཁྲེས་ལ་ཞིབ་བཤེར་བྱ་རྒྱུ་རེད། པེ་ཅིང་དུ་འཕུར་མཁན་རྒྱལ་སྤྱིའི་དུས་གཏན་གནམ་གྲུ་དམིགས་འཛུགས་ཀྱི་མངའ་ཁོངས་སུ་འཛུལ་ས་དང་པོ་ནས་འཛུལ་རྒྱུ་བཀོད་སྒྲིག་དང་འབྲེལ་ཡོད་བྱེད་ཐབས་ཁག་རིམས་ནད་ཀྱི་གནས་ཚུལ་འགྱུར་ལྡོག་ལ་གཞིགས་ནས་ལེགས་སྒྲིག་བྱ་རྒྱུ་རེད།