ད་ཕན་ལོ་ཤས་རིང་། ཧུའུ་པེ་ཨེན་ཧྲེ་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཨེན་ཧྲེ་གྲོང་ཁྱེར་ཐུན་པོའོ་ཤང་ཧྭ་ཀྲེ་ཧྲན་གྲོང་ཚོས“མཉམ་ལས་ཁང་དང་། ཀུང་སི། ཞིང་དུད། རྟེན་གཞི”བཅས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་ནས། ཧྭ་ཀྲེ་ཧྲན་གྲོང་ཚོའི་སྐྱེ་ལྡན་ཇའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་མུའུ་2000ཙམ་ཡོད་པའི་སྐྱེ་ལྡན་ཇའི་ལྡུམ་ར་བསྐྲུན་ཡོད། ཇ་འདེབས་དུད་ཚང་200ཙམ་གྱིས་མཉམ་ལས་ཁང་གི་བླང་བྱ་གཞིར་བཟུང་། ལག་རྩལ་གཅིག་གྱུར་གྱི་ཚད་གཞི་ལྟར། ཇའི་ལྡུམ་རར་གཡོག་བྱེད་བྱེད་པ་དང་མཉམ་ལས་ཁང་གིས་ཇ་བཟོ་བ་དང་ཇ་ཐུམ་སྒྲིལ་བརྒྱབ་སྟེ་ཁྲོམ་རར་ཕྱིར་ཚོང་བྱས་ནས། ཇ་འདེབས་ཞིང་པར་འབབ་འཕར་བཏོད་ཅིང་། འདི་ནི་ཨེན་ཧྲེ་གྲོང་ཁྱེར་ཐུན་པོའོ་ཤང་ཧྭ་ཀྲེ་ཧྲན་གྲོང་ཚོའི་སྐྱེ་ལྡན་ཇ་ཆེད་ལས་མཉམ་ལས་ཁང་གི་བཟོ་པས་ཇ་ལོ་སྐམ་བཞིན་པ།