
ཉེ་ཆར། ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་ཅི་མོ་ཆུས་ཤིན་ཧྭ་དཔེ་ཚོང་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་འགོ་བསྐྱར་འཛུགས་ཀྱིས་ལས་གཉེར་བྱེད་འགོ་བཙུགས་པ་རེད། གྲོང་མི་ཚོས་དཔེ་ཁང་ནས་དཔེ་དེབ་སྣ་ཚོགས་ཉོས་ཏེ་དཔེ་དེབ་ཀློག་པའི་སྤྲོ་སྣང་ཉམས་སུ་མྱོང་གི་ཡོད། དཔེ་ཁང་གིས་ཚ་བ་ལྟ་བ་དང་། དུས་ཚོད་ཚད་བཀག་བཟོ་བ། མིང་ངོ་མ་ཐོ་འགོད་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་མིའི་བདེ་འཇགས་འགན་ལེན་བྱེད་ཅིང་། འདི་ནི་གྲོང་མིས་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་ཅི་མོ་ཆུས་ཤིན་ཧྭ་དཔེ་ཚོང་ཁང་ནས་དཔེ་དེབ་ཉོ་བཞིན་པ།