
ཉིན་ཤས་རིང་། ཀུའེ་དབྱང་གྲོང་ཁྱེར་གྱི་དམའ་འབྲིང་ལོ་རིམ་གསུམ་པ་དང་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་གྲྭས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཡག་པོ་སྤྱད་ནས་ཁ་འགྲེམས་འགྲོ་ལམ་དང་དུག་སེལ་ཡོ་ཆས་སོགས་གྲ་སྒྲིག་བྱས་པ་མ་ཟད། དུག་སེལ་ཟིན་པའི་སློབ་དུས་གསར་པའི་སློབ་དེབ་སློབ་མའི་སྒྲོག་ཙེའི་སྟེང་དུ་བཞག་ནས་སློབ་གྲྭ་འཚོག་སྐབས་སློབ་མ་འཚང་ཁ་རྒྱག་མི་དགོས་པའི་འགན་ལེན་བྱས་ཡོད། ཀུའེ་ཀྲོའུ་ཞིང་ཆེན་གྱི་མཐོ་འབྲིང་ལོ་རིམ་གསུམ་པ་དང་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཟླ་3ཚེས་16ཉིན་དངོས་སུ་སློབ་འགོ་ཚུགས་མཁན་ཡིན་ཞིང་། འདི་ནི་ཟླ་3ཚེས་15ཉིན། ཀུའེ་དབྱང་གྲོང་ཁྱེར་ཡུན་ཡན་ཆུས་ཀྱི་སློབ་ཆུང་དང་པོའི་དམའ་འབྲིང་ལོ་རིམ་གསུམ་པའི་གཅིག་སྡུད་སློབ་ཁྲིད་བྱ་ཡུལ་ཡིན་པ་དང་དགེ་རྒན་གྱིས་སློབ་མའི་སྒྲོག་ཙེའི་སྟེང་དུ་དཔེ་དེབ་སྒྲིག་བཞིན་པ།