དབུ་ཤོག>གསར་འགྱུར།
  • ལྷ་གཞིས་རིམ་མཐོའི་གཞུང་ལམ་གྱི་ལས་འགོ་སྔ་རྗེས་སུ་བསྐྱར་འཛུགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-14

    “ལོ་ལྔ་ཚན་བཅུ་གསུམ་པའི”གཞུང་ལམ་འགྲིམ་འགྲུལ་འཆར་འགོད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་རིམ་མཐོའི་གཞུང་ལམ་ལ་ཁྱོན་རིང་ཚད་སྤྱི་ལེ་166.976ཡོད་པ་དང་། གཞུང་ལམ་དེ“ཟམ་གཉིས་ཕུག་གཅིག”གི་ལྷ་ས་སྐྱིད་ཆུའི་ཟམ་པ་ཆེ་ཤོས་ཏེ་ཤེལ་གྲོང་གི་སྣོལ་ཟམ་ནས་འགོ་ཚུགས་ནས། ཆུ་ཤུར་རྫོང་དང་། སྙེ་མོ་རྫོང་། རིན་སྤུངས་རྫོང་བཅས་བརྒྱུད་པ་དང་། བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་གི་སྣོལ་ཟམ་བར་ཡིན་ཞིང་། གཞིས་རྩེའི་ཞི་བདེ་གནམ་ཐང་ནས་གཞིས་རྩེ་གྲོང་ཁྱེར་གྱི་རིམ་མཐོའི་གཞུང་ལམ་དང་མཐུད་ཡོད། མིག་སྔར་རྣམ་གྲངས་དེའི་ཚད་ལྡན་ལམ་དུམ་ཁག་གི་ལས་བགོས་ས་ཚིགས་སུ་རིམ་བཞིན་ལས་འགོ་བསྐྱར་འཛུགས་བྱུང་བ་དང་སྔོན་དཔག་བྱས་ན་ཟླ་3ཚེས་15ཉིན་ཁྱོན་ཡོངས་ནས་ལས་འགོ་བསྐྱར་འཛུགས་ཐུབ་རྒྱུ་རེད།

    714333_yis_1584071399099_s.jpg

    འདི་ནི་སྐྲུན་བཞིན་པའི་ལྷ་གཞིས་རིམ་མཐོའི་གཞུང་ལམ་གྱི་གཞིས་རྩེ་དུམ་བུའི་སྟག་གྲུ་ཁ་སྣུམ་སྣོན་ས་ཚིགས་རྙིང་པ་ནས་གཞིས་རྩེའི་ཞི་བདེ་གནམ་ཐང་བར་གྱི་མྱུར་བགྲོད་ལམ་དུམ་ཡིན་པ།

    714332_yis_1584071398559_s.jpg

    འདི་ནི་བསམ་གྲུབ་རྩེ་ཆུས་ལྕགས་འདམ་ཤང་སྣོལ་ཟམ་གྱི་ལས་སྣོན་ཁང་དུ་ལས་བཟོ་ཚོས་ལྕགས་རྩིབས་ལས་སྣོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།