དབུ་ཤོག>གསར་འགྱུར།
  • རྒྱུན་གཏན་འཚོ་བའི་ཁྲོད་ནས་བདེ་སྐྱིད་མངོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-14

    ཟླ་3ཚེས་8ཉིན་གྱི་ཞོགས་པ་སྔ་པོ་ནས། ཁ་རུབ་ཆུས་ཆབ་མདོ་གྲོང་རྡལ་ཁམས་བཟང་ཁྱིམ་གཞིས་ཁུལ་ཆུང་དུ་སྡོད་མཁན་དགེ་ལེགས་པ་སངས་ཀྱིས་བཟའ་ཟླར་དུས་ཆེན་གྱི་གཟབ་མཆོར་ལེགས་པར་གཡོག་རོགས་བྱེད་བཞིན་མཆིས།

    དགེ་ལེགས་པ་སངས་ཀྱིས་བཟའ་ཟླ་ཀྲང་ཅན་དབྱིང་ལ་གཞན་དང་མི་འདྲ་བའི་དུས་ཆེན་གྱི་ཉམས་ལེན་ཞིག་གྲ་སྒྲིག་བྱས།

    ཀྲང་ཅན་དབྱིང་ནི་སི་ཁྲོན་ཞིང་ཆེན་ཏེ་དབྱང་གྲོང་ཁྱེར་ནས་ཡིན་པ་དང་། ལོ་11གི་གོང་དུ་ཁོང་གཉིས་ཆབ་མདོར་ངོ་ཤེས་པ་དང་ཕན་ཚུན་དགའ་པོ་བྱས་ཏེ་གཉེན་སྒྲིག་བྱས། ལོ་བཅུ་ལྷག་ཙམ་རིང་མཉམ་དུ་འཚོ་བ་བསྐྱལ་བས་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་དེར་བདེ་སྐྱིད་ཀྱི་མེ་ཏོག་རབ་ཏུ་བཞད།

    སྔར་རྒྱུན་ལྟར། དགེ་ལེགས་པ་སངས་ཀྱིས་ཐག་རིང་ཏེ་དབྱང་གྲོང་ཁྱེར་དུ་ཡོད་པའི་གྱོས་མོར་ཁ་པར་རྒྱག་གི་ཡོད་པ་དང་། སྐད་ཆའི་ཁྲོད་རྒན་རབས་པར་སེམས་ཁུར་བྱེད་ལུགས་གང་ལེགས་མངོན། དགེ་ལེགས་པ་སངས་དང་བཟའ་ཟླས་དུས་དང་རྣམ་པ་ཀུན་ཏུ་ཐག་རིང་དུ་ཡོད་པའི་གཉེན་ཉེ་སེམས་ལ་བཅངས་ནས་ཉིན་ལྟར་ཁ་པར་རྒྱག་པ་དང་བརྙན་ལམ་གཏོང་བ་དེ་དེང་སྐབས་ས་གནས་གཉིས་དབར་གྱི་སེམས་ནང་གི་ཁ་ཆད་ལྟ་བུར་གྱུར།

    ཀྲང་ཅན་དབྱིང་གིས་གསར་འགོད་པར“རང་ཉིད་ནི་ཁྱིམ་གྱི་བུ་མོ་གཅིག་རང་དེ་ཡིན་པས། ཉིན་ལྟར་ཕ་མ་གཉིས་ལ་ཁ་པར་བརྒྱབ་ནས་འཚམས་འདྲི་ཞུ་བ་མ་ཟད། ཁོང་གཉིས་ལ་གཟུགས་པོར་བདག་གཅེས་གནང་རོགས་ཀྱང་ཞུ་ཡི་ཡོད”ཅེས་བརྗོད།

    ཉིན་དགུང་། དགེ་ལེགས་པ་སངས་ཀྱིས་བཟའ་ཟླར་ལྟོ་ཆས་ཕུན་སུམ་ཚོགས་པོ་སྒྲོག་ཙེ་གང་གཤོམ་གྱི་ཡོད་པས་ཁྱིམ་དུ་དགའ་ལྷང་ལྷང་གི་རྣམ་པ་ཞིག་མངོན། དགེ་ལེགས་པ་སངས་དང་ཀྲང་ཅན་དབྱིང་ནི་གྲུང་ཤ་དོད་ལ་གཅེས་སུ་རུང་བའི་ན་གཞོན་གཉིས་རེད། སློབ་ཆུང་ལོ་རིམ་གསུམ་པར་འགྲོ་བཞིན་པའི་ཁོང་གཉིས་ཀྱི་བུ་རྒན་པ་བཀྲ་ཤིས་རྡོ་རྗེ་གླུ་ལེན་གར་འཁྲབ་ལ་ཧ་ཅང་མཁས་པོ་ཡོད། ལྟོ་ཆས་ཟས་རྗེས་ཁོང་གིས་ཆེད་མངགས་ཨ་མར་གླུ་དུམ་བུ་ཞིག་གཏོང་བ་དང་ཞབས་བྲོ་དུམ་བུ་ཞིག་རྒྱག་གི་ཡོད།

    མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཞིག་ཡིན་པའི་ངོས་ནས་བརྗོད་ན། བཀྲ་ཤིས་རྡོ་རྗེའི་སློབ་སྦྱོང་ཐད་རོགས་པ་ཡག་པོ་གཉིས་ཡོད་པ་སྟེ། “བོད་ཡིག་མ་ཤེས་ན་ཨ་ཕར་འདྲི་བ་དང་། རྒྱ་ཡིག་མ་ཤེས་ན་ཨ་མར་འདྲི་ཡི་ཡོད། རང་ཉིད་ཀྱིས་སློབ་སྦྱོང་ལ་མུ་མཐུད་འབད་བརྩོན་བྱས་ནས་ཕ་མ་གཉིས་ལ་དྲིན་ལན་འཇལ་རྒྱུ་ཡིན”ཞེས་བཀྲ་ཤིས་རྡོ་རྗེས་བརྗོད།

    ཀྲང་ཅན་དབྱིང་གིས་ཉིན་ལྟར་ཁྱིམ་དུ་གཙང་སྦྲ་བྱས་ནས་བཀོད་སྒྲིག་ཡག་པོ་བྱེད་པ་དང་། དགེ་ལེགས་པ་སངས་ལས་ཀར་ཕྱིན་ནས་ཁྱིམ་དུ་ལོག་རྗེས་དྲི་ཞིམ་འཐུལ་བའི་ལྟོ་ཆས་ཤིག་བཟའ་རྒྱུ་ཡོད།

    “གཉེན་སྒྲིག་མ་བྱས་གོང་རང་ཉིད་ལྟོ་ཆས་བཟོ་ཤེས་ཀྱི་མེད། གཉེན་སྒྲིག་བྱས་རྗེས་ཁྱོ་ག་དང་མཉམ་དུ་ལྟོ་ཆས་བཟོ་སྟངས་སྦྱངས་པ་ཡིན་པས། ད་ཆ་ང་ཚོའི་ནང་མི་རྣམས་སི་ཁྲོན་གྱི་ཚལ་རིགས་བཟའ་ཡི་ཡོད་ལ་བོད་ཟས་ཀྱང་བཟའ་ཡི་ཡོད”ཅེས་ཀྲང་ཅན་དབྱིང་གིས་བརྗོད།

    ལོ་དེ་དག་རིང་། བཟའ་ཚོ་གཉིས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་རླངས་འཁོར་ཉམས་བཟོ་ཁང་ཞིག་བཙུགས་པ་དང་། ཕན་ཚུན་མཉམ་འགྲོགས་བྱེད་པའི་བརྒྱུད་རིམ་ཁྲོད་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དེར་འཆམ་མཐུན་གྱི་མེ་ཏོག་རབ་ཏུ་བཞད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།