དབུ་ཤོག>གསར་འགྱུར།
  • བྱང་རྩྭ་ཐང་གི་མཐུན་སྒྲིལ་མེ་ཏོག་དེ་བས་བཀྲག་མདངས་འཚེར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-11

    ནག་ཆུ་གྲོང་ཁྱེར་ནི་བོད་ཀྱི་བྱང་སྒོ་ཆེ་མོ་ཡིན་ཞིང་། མིག་སྔའི་རྒྱུན་སྡོད་མི་འབོར་ཁྲོད་དུ་རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། ས་ལར་རིགས། ཡུ་གུར་རིགས། མེའོ་རིགས། སོག་རིགས་སོགས་མི་རིགས་34ཡོད། དུས་ཡུན་རིང་པོར་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཏང་གི་མི་རིགས་སྲིད་ཇུས་དང་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། “མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་གྲ་རྒྱས་འཕེལ་རྒྱས”ཀྱི་བརྗོད་དོན་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ནག་ཆུ་གསར་པའི་སྒྱུར་འཕེལ་སྐྲུན་གསུམ་གྱི་ནང་དོན་གལ་ཆེན་ལ་བརྩིས་ཏེ། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ།

    2019ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་ཚན་པ་30ལྷག་ཙམ་ལས་གྲུབ་པའི“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་འཛུགས་བྱེད་སྒོའི་དཔེ་སྟོན་གནས་འཛུགས་སྐྱོང”གཏོད་འཛུགས་འགོ་ཁྲིད་ཚོགས་ཆུང་བཙུགས་ནས། ནག་ཆུ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གཏོད་འཛུགས་དཔྱད་འདེམས་གཟེངས་བསྟོད་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་ཞུགས་ཚན་པ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར་བ། སྡེ་ཚན་ཁག་གིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་མཉམ་སྒུལ་གྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་གྱིས“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ་དང་། མི་རིགས་མཐུན་སྒྲིལ་ཟླ་བ། བྱང་ཐང་འཆར་ཅན་རྟ་རྒྱུག་དུས་ཆེན་སོགས་ཀྱི་དུས་ཆེན་དང་མཚམས་ཚིག་གལ་ཆེན་ལ་དམིགས་ནས། བྱེད་ཐབས་སྣ་ཚོགས་དང་གོ་བདེ་ཤེས་སླའི་ནང་དོན་ལ་བརྟེན་ཏེ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དེ་ཚད་ལྡན་ཅན་དང་ལམ་ལུཌ་ཅན་དུ་འགྱུར་བར་བྱས་པ་རེད།

    མི་རིགས་མཐུན་སྒྲིལ་ལས་དོན་དེ་ཏང་འཛུགས་སྐྱོང་དང་། དཔལ་འབྱོར་འཛུགས་སྐྲུན། བསམ་པའི་དཔལ་ཡོན་སྲོལ་གཏོད། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཀྱི་ནང་དོན་དང་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་དཔྱད་ཞིབ་བྱས་ཏེ་དཔྱད་ཞིབ་བྱས་འབྲས་དེ་ལས་བྱེད་པ་གསོ་སྦྱོང་འོས་འདེམས་དང་སྔོན་འདེམས་ལེགས་འདེམས་ཀྱི་གཞི་འཛིན་ས་གལ་ཆེན་ལ་བརྩིས་པ་རེད།

    རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཁྲིད་གཙོ་བོར་བཟུང་ནས་བོད་རྒྱ“སྐད་ཡིག་གཉིས”ཀྱི་སློབ་གསོའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་བྱེད་པ་དང་ལས་བཟོའི་ཁྲོད“གཅིག་གཏད་གཅིག”དང“མང་གཏད་གཅིག”གི་ཐོག་ནས་བོད་རྒྱ“སྐད་ཡིག་གཉིས”དང“ལས་བྱེད་པ་དང་གྲྭ་བཙུན་ཆ་སྒྲིག་ཐོག‘སྐད་གཉིས’སློབ་སྦྱོང”བྱེད་པའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བས་ལས་བྱེད་པ་དང་མང་ཚོགས་ཚོའི་བོད་རྒྱ་སྐད་ཡིག་གི་ཡོན་ཚད་མཐོ་རུ་ཕྱིན་ཡོད།

    དྲིལ་བསྒྲགས་མི་སེམས་སུ་ཟུག་པར་ཤུགས་སྣོན་བརྒྱབ་པ།

    ནག་ཆུ་གྲོང་ཁྱེར་གྱི་རིམ་ཁག་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་དུས་ཐོག་ཏུ་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་སྲིད་ཇུས་དང་ཡིག་ཆ་རབ་དང་རིམ་པ་སློབ་སྦྱོང་གི་འཆར་གཞིར་བཀོད་ནས་ཆེད་དོན་སློབ་སྦྱོང་བྱས་པ་རེད།

    ཏང་གི་སློབ་གྲྭའི་འཐབ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྩ་ཁྲིམས་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས། མི་རིགས་སྲིད་ཇུས་ཁྲིམས་སྲོལ་བཅས་ཏང་དོན་ལས་དོན་པའི་ཏང་འཛུགས་ལས་སྒོའི་གསོ་སྦྱོང་དང་། དགོན་སྡེ་དོ་དམ་ཨུ་ལྷན་རྩ་འཛུགས། བོད་ཡིག་གི་རྨང་གཞིའི་གསོ་སྦྱོང་འཛིན་གྲྭ་སོགས་ཀྱི་འབྲེལ་ཡོད་གསོ་སྦྱོང་འཛིན་གྲྭའི་གསོ་སྦྱོང་གི་ནང་དོན་དུ་བྱས་ནས་དུས་དབྱེ་ཁག་བགོས་ཀྱི་སྒོ་ནས་ལས་བྱེད་པ་དང་ལས་བཟོ་དང་ལྷག་པར་དུ་ཤང་གྲོང་ལས་བྱེད་པ་དང་ཞིང་འབྲོག་པའི་སྒྲོག་འགྲེལ་པར་གསོ་སྦྱོང་ཞིབ་ཚགས་བྱས་ཏེ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སློབ་དེབ་ནང་བཀོད་པ་དང་། སློབ་ཚན་དུ་འཁྲིད་པ། བསམ་བློར་འཇགས་ཐུབ་པ་བཅས་བྱས་པ་རེད། 2019ལོར་རྐང་འཛིན་དགེ་རྒན་ལེགས་འདེམས་བྱས་ནས་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་དང་། རྫོང་ཆུས་ཁག ཤང་དང་གྲོང་རྡལ་བཅས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བས་མང་ཚོགས་ཁྲི་ལ་ཉེ་བར་སློབ་གསོ་ཐེབས་ཡོད།

    《རྩ་ཁྲིམས》དང《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》སོགས་དྲིལ་བསྒྲགས་བཀླག་དེབ་ཁྲི་3ལྷག་ཙམ་དང་། དྲིལ་བསྒྲགས་རྩ་གནད་དེབ་1300 མི་རིགས་མཐུན་སྒྲིལ་ཁུག་མ་3000ལྷག་ཙམ་བཅས་སྤྲད་པ་རེད།

    ནུས་ཤུགས་ཡོད་རྒུས་རྣམ་པ་བཟང་པོ་བཏོད་པ།

    2019ལོར་ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གཏོད་འཛུགས་ཀྱི་ནག་ཆུ་གྲོང་ཁྱེར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་གྲོང་ཁྱེར་ཡོངས་ཀྱི་རྫོང་ཆུས་11དང་གྲོང་ཁྱེར་ཐད་གཏོགས་དཔེ་སྟོན་ཚན་པའི་གཏོད་འཛུགས་ལས་དོན་ལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

    མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་གྱི་རེ་ཞུ་འོས་སྦྱོར་གྱི་གཟེངས་བསྟོད་ལས་དོན་ཏན་ཏིག་སྤེལ་ཞིང་། 2019ལོར་ནག་ཆུ་གྲོང་ཁྱེར་གྱི་མཉམ་སྡེབ་3དང་མི་སྒེར་3ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་དང་། མཉམ་སྡེབ་12དང་། མི་སྒེར་15ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཟེངས་བསྟོད། མཉམ་སྡེབ་15དང་མི་སྒེར་20ལ་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཟེངས་བསྟོད་བཅས་ཐོབ་པའི་ཁྲོད་དུ་རྒྱ་རིགས་དང་། བོད་རིགས། ཀེ་ལའོ་རིགས། དབྱི་རིགས། ཧུའེ་རིགས་སོགས་མི་རིགས་མང་པོ་ཡོད་པ་རེད།

    ནག་ཆུ་གྲོང་ཁྱེར་གྱིས་ཁྲིམས་བཞིན་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བྱས་ཤིང་། ཁྲིམས་ཁང་དང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། སྤྱི་བདེ་ཅུས། མངགས་གཏོང་ཁང་སོགས་སྡེ་ཚན་དུ་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་ཞབས་ཞུའི་ལས་སྟེགས་བསྐྲུན་ཡོད། མིག་སྔར་ནག་ཆུ་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཀྱི་ཕྱོགས་མིའི་གཉེར་སྐྱོང་དང་། བུ་ཕྲུག་གི་སློབ་གསོ། སྤྱི་ཚོགས་འགན་སྲུང་། སྡོད་ཁང་བོགས་གཏོང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་སོགས་ཀྱི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་ཡོད། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་དུ་མི་རིགས་མཐུན་སྒྲིལ་ལ་ཤུགས་རྐྱེན་ཐེབས་པའི་འགལ་ཟླ་དང་རྩོད་གཞི་ཐོན་མྱོང་མེད་ལ། མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས། ཕན་ཚུན་ཡིད་ཆེས། ཕན་ཚུན་བརྩི་འཇོག ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ། ཕན་ཚུན་བསམ་ཤེས་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།