དབུ་ཤོག>གསར་འགྱུར།
  • ཞལ་འདེབས་ཕུལ་ནས་དབུལ་སྐྱོར་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-06

    710958_yis_1583217786396_s.jpg

    སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ནས་དབུལ་སྐྱོར་ལས་དོན་ནང་ཞུགས་ཆེད། ཉེ་ཆར། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་བདེ་སྐྱིད་ཁང་གསར་སྡེ་ཁུལ་དུ་གཅེས་སེམས་རོགས་སྐྱོར་ཐེབས་རྩའི“བརྩེ་སེམས་ཟབ་མོ་བཅངས་ནས་དབུལ་སྒྲོལ་ལ་རམ་འདེགས་བྱེད”ཅེས་པའི་དབུལ་སྐྱོར་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོའི་ནང་ཁྱོན་ཁེ་ལས་71གིས་རིམ་རྩིས་བྱས་ན་སྒོར་ཁྲི་533.5ཞལ་འདེབས་ཕུལ་བ་དང་། ལས་ཁུངས་དང་གཞུང་ཁོངས་ཁེ་ལས་ཀྱི་ལས་བྱེད་ལས་བཟོ་168ཀྱིས་སྒོར་ཁྲི་9.5ལྷག་ཙམ་ཞལ་འདེབས་ཕུལ་བར་ཁྱོན་ཞལ་འདེབས་དངུལ་སྒོར་ཁྲི་543ལྷག་ཙམ་ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གྲབས་གསོག་ཐུབ་པའི་ཕན་བདེའི་ཆེད་དངུལ་ཚང་མ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མང་ཚོགས་བཀོད་སྒྲིག་གི་ལས་དོན་ཐད་སྤྱད་དེ་མང་ཚོགས་ཀྱི་ལས་ཞུགས་དང་། སློབ་གསོ། སྨན་བཅོས་སོགས་ཐད་ཀྱི་དཀའ་ངལ་གཙོ་གནད་ཐག་གཅོད་བྱེད་རྒྱུ་ཡིན་པ་རེད།

    འདི་ནི་བྱེད་སྒོ་གཙོ་གཉེར་ཕྱོགས་ཀྱིས་གཅེས་སེམས་ཁེ་ལས་ཀྱི་འཐུས་མིར་ཁ་བཏགས་གཡོགས་པ་དང་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།