དབུ་ཤོག>གསར་འགྱུར།
  • མང་ཚོགས་ཀྱི་འཚོ་བར་རེ་བས་ཁེངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-06

    2019ལོར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་ཁག་སྟངས་འཛིན་ནན་པོ་བྱས་པའི་རྨང་གཞིའི་ཐོག“མི་དམངས་ལྟེ་བར་འཛིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། “མི་དམངས་བློ་ཡིད་ཚིམ་པོ་ཡོང་བ”དམིགས་ཚད་དུ་བཟུང་སྟེ། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་པས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་བརྟན་པོའི་ངང་མཐོ་རུ་བརྟན་པོ་ཕྱིན་ཡོད་པ་རེད།

    དམངས་འཚོའི་རེ་སྒུག་ཆེན་པོ་ཆུད་ཟོས་སུ་མ་བཏང་བ།

    སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱས་ཤིང་། 2019ལོར་ནོར་སྲིད་ཀྱིས་སློབ་གསོར་མ་དངུལ་སྒོར་དུང་ཕྱུར་2.47བཏང་བ་དེས་ལོ་གོང་མའི་རིམ་པ་འདི་གའི་ནོར་སྲིད་ཡོང་འབབ་ཀྱི་26.5%བཟུང་ཡོད་པ་རེད། བུ་བཅོལ་ཁང་1གསར་དུ་བསྐྲུན་པ་དང་། བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་15དང་ཉམས་བཟོའི་རྣམ་གྲངས་ཆུང་གྲས་14ལག་ལེན་བསྟར་བ། སློབ་གྲྭ་འབྲིང་ཆུང་གི“སློབ་མ་ཚད་ལས་བརྒལ་བའི”འཛིན་གྲྭ་43གྱི་དཀའ་གནད་བསལ་བ། “འགན་ལེན་གསུམ་གྱི་གྲོན་དངུལ”སྒོར་དུང་ཕྱུར་1.42དང་འཚོ་བཅུད་ལེགས་གཏོང་གི་འཆར་གཞིའི་ཆེད་དོན་གྲོན་དངུལ་སྒོར་ཁྲི་1673.84དོན་འཁྱོལ་བྱས་པ་རེད། སློབ་མ་2224ཡི་སློབ་གསོའི་ཁ་གསབ་རོགས་དངུལ་སྒོར་ཁྲི་1000.3དོན་འཁྱོལ་བྱས་ཤིང་། སློབ་གྲྭ་17གྱིས་སྤྱི་ཚོགས་ལ་ལུས་རྩལ་ཁང་རིན་མེད་ངང་སྒོ་ཐེངས་203ཕྱེ་བ་དང་། རིམ་རྩིས་ལྟར་ན། སྤྱོད་མཁན་མང་ཚོགས་མི་ཐེངས་8500ཟིན་ཡོད་པ་རེད།

    ལས་ཞུགས་ལས་གཏོད་ཀྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ཞིང་། མ་དངུལ་སྒོར་ཁྲི་1000བསྡུ་སྒྲིལ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་རྒྱབ་སྐྱོར་བྱས་ཤིང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་3775གསར་དུ་ལས་ཞུགས་ཐུབ་པ་དང། ཞིང་འབྲོག་ཁུལ་གྱི་ངལ་ནུས་གཞན་སྒྱུར་བྱེད་ཚད་མི་4861ཟིན་པ། རྫོང་དང་ཆུས་བརྒལ་ནས་ཡུལ་གཞན་དུ་གནས་སྤོས་ལས་ཞུགས་ཐུབ་པའི་མི་གྲངས་806ཟིན་ཡོད་པ་རེད།

    གོ་ཆོད་ནུས་ལྡན་གྱི་དམངས་འཚོའི་བྱ་ཐབས་བཏོན་པ།

    བདེ་ཐང་ཁྲེང་ཀོན་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། རྨང་གཞིའི་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་བ་དང་། “སྐར་མ་15ཡི་བདེ་ཐང་ཞབས་ཞུའི་འཁོར་རྒྱ”བདེ་བླག་ངང་བསྐྲུན་ལ། དན་བག་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་སྤྱོད་འགོ་ཚུགས་པ་རེད། “ཁྲོམ་གཞུང་གཅིག་ལ་ལྟེ་བ་གཅིག”དང“ཁྲོམ་གཞུང་གཅིག་ལ་སྨན་པ་བཅུ”ཡི་བཀོད་སྒྲིག་ཚད་གཞི་ཕྱོཌ་ཡོངས་ནས་དོན་འཁྱོལ་བྱས་ཤིང་། སྨན་རྫས་གོང་ཁྱད་མེད་པར་ཚོང་བའི་བྱ་ཐབས་སྤྱད་ནས་སྒོར་ཁྲི་482.15རི་བའི་ཕྱི་ལུགས་ཀྱི་སྨན་དང་བོད་སྨན་བཙོངས་པ་བརྒྱུད། མང་ཚོགས་ལ་སྒོར་ཁྲི་82.5ཡི་ཕན་པ་ཐོབ་པ་རེད། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་འཐེན་བཤེར་ལས་དོན་སྤེལ་ནས་རིམ་རྩིས་ལྟར་ན་མི་ཐེངས་ཁྲི་13ལ་འཐེན་བཤེར་བྱས་ཡོད། ལྗོངས་ཡོངས་ཀྱི་རྫོང་དང་ཆུས་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཨེ་ཙིའི་ནད་འཐེན་བཤེར་ཚོད་ལྟ་ཁང་ཐོག་མ་ལེགས་གྲུབ་ལྡན་པའི་ངང་བསྐྲུན་པ་རེད།

    སྡོད་ཁང་འགན་ལེན་ནུས་ལྡན་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་2.85བཏང་ནས་དམངས་འཚོའི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རྣམ་གྲངས་ཁག་12ལག་ལེན་བསྟར་ཡོད། མ་དངུལ་སྒོར་དུང་ཕྱུར་3.59བཏང་ནས་དུས་ཐེངས་གསུམ་ལ་ཕྱེ་སྟེ་བོགས་གཏོང་གཞུང་ཁང་1001འཛུཌ་སྐྲུན་རྣམ་གྲངས་ལ་སྐུལ་འདེད་བཏང་བ་དང་། མིག་སྔར་དུས་ཐེངས་དང་པོའི་རྣམ་གྲངས་འཛུགས་སྐྲུན་གཙོ་བོ་སྤྱིར་ན་ལེགས་གྲུབ་ཟིན་ཡོད་པ་རེད།

    དམངས་འཚོའི་འདོད་འདུན་ལ་མཐོང་ཆེན་བྱས་པ།

    གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཡོང་འབབ་བརྟན་པོའི་ངང་མཐོ་རུ་བཏང་ཞིང་། 《གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཚོགས་སྤྱིའི་འཚོ་བའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་རྒྱུའི་སྐོར་གྱི་ལོ་གསུམ་གྱི་འཆར་གཞི》དོན་འཁྱོལ་ནན་ཏན་བྱས་ནས་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་དངུལ་མི་རེར་ཟླ་རེར་སྒོར་1064བར་མཐོ་རུ་བཏང་བ་དང་། གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཚོགས་སྤྱི་2018ལོའི་དུད་ཚང་2872ཀྱི་མི་4853ནས་དུད་ཚང་2036གི་མི་3180བར་ཉུང་དུ་ཕྱིན་ནས་དུས་མཚུངས་ལས་དུད་ཚང་836གི་མི་1673ཉུང་དུ་ཕྱིན་ཡོད། དམིགས་བསལ་དཀའ་ངལ་ཡོད་རིགས་ལ་གཅིག་སྡུད་བསྙེན་བཀུར་བྱེད་ཚད་100%ཟིན་ཡོད།

    ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་མཐོ་རུ་བཏང་ཞིང་། ཐོན་ལས་རྣམ་གྲངས་འཕེལ་རྒྱས་ལ་བརྟེན་ནས་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་བ་དང་འབྲེལ། ལོ་ཧྲིལ་པོར་སྐྲུན་བཞིན་པའི་རྣམ་གྲངས་སུ་ཞིང་འབྲོག་ལས་མི་1266བསྡུས་ནས་གླ་ཆའི་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི་1129.74འཕར་བར་སྐུལ་ཁྲིད་བྱས་པ་དང་། མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་1115.46བྱུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།