དབུ་ཤོག>གསར་འགྱུར།
  • རྒྱལ་ཡོངས་ཀྱི་ལས་གྲྭ་གལ་ཆེན་79%ལས་འགོ་བསྐྱར་འཛུགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2020-03-06

    རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་ཐོག་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་ལས་གྲྭ་དང་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བྱ་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་དོན་འཁྱོལ་ཡོང་རྒྱུ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྣམ་གྲངས་གལ་ཆེན་གོ་རིམ་ལྡན་པའི་ངང་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་བ་རེད། མིག་སྔའི་བར་ཞིང་ཆེན་ཁག་གི་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱེད་ཚད་79%ཟིན་ཡོད། དེའི་ནང་ལྷོ་ཕྱོགས་ས་ཁུལ་ཁག་གི་གཙོ་གནད་རྣམ་གྲངས་ལས་འགོ་བསྐྱར་འཛུགས་བྱེད་ཚད་93%ཟིན་ཡོད། པེ་ཅིང་ནས་ཧྲེན་དབྱང་བར་གྱི་མྱུར་བགྲོད་ལྕགས་ལམ་དང་། ཧྲང་ཆིའུ་ནས་ཧང་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ། ཁྲེང་ཏུའུ་ཐན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་། གཙང་ཆུ་ཧོའེ་ཧོ་ཆུ་བོར་འདྲེན་པའི་ལས་གྲྭ ཡུན་ནན་ཏན་ཁྲེ་མཚེའུ་ནས་ཆུ་འདྲེན་པའི་ལས་གྲྭ་སོགས་རྣམ་གྲངས་གལ་ཆེན་མང་པོ་ཞིག་གོ་རིམ་ལྡན་པའི་ངང་ཨར་རྒྱག་འཛུགས་སྐྲུན་མྱུར་པོ་བྱེད་བཞིན་ཡོད་པ་རེད།

    རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཐེངས་མང་འཚོགས་པ་དང་རིགས་དབྱེ་མཛུབ་ཁྲིད་དང་ཁུལ་དང་རིམ་པ་དབྱེ་ནས་ཇུས་འདོན་པའི་བླང་བྱ་གཞིར་བཟུང་། ཁྱབ་ཁོངས་ཁག་གི་རྣམ་གྲངས་གལ་ཆེན་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་འབྲེལ་རྣམ་གྲངས་གལ་ཆེན་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་བྱེད་སྐབས་ཉིན་རེར་གཞིགས་ནས་བཀོད་གཏོང་བྱེད་པའི་ལམ་སྲོལ་བཟོས་པ་རེད། མ་འཇོག་རྣམ་གྲངས་རྒྱང་རིང་ནས་ཞིབ་བཤེར་ཆོག་མཆན་འགོད་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཞིབ་བཤེར་ཆོག་མཆན་ཞབས་ཞུ་མཚམས་མི་ཆད་པ་དང་སྤུས་ཚད་ཞན་དུ་མི་འགྲོ་བའི་འགན་ལེན་བྱས་པ་དང་རྣམ་གྲངས་སྙན་ཞུ་དང་། བདག་སྤྲོད། ཞིབ་བཤེར་ཆོག་མཆན་སོགས་ཀྱི་དུས་འགོའི་ལས་དོན་གོ་རིམ་ལྡན་པའི་ངང་ཧུར་ཐག་སྤེལ་རྒྱུའི་འགན་ལེན་བྱས་པ་རེད། དཔྱིད་གསར་དུས་ཆེན་ཚུན་དུ་ས་ཁུལ་ཁག་གིས་དྲ་ཐོག་ལས་སྟེགས་བརྒྱུད་རྣམ་གྲངས་ཁྲི་1.5གཉེར་བ་རེད། ཀྲུང་དབྱང་ནོར་སྲིད་སྔོན་རྩིས་ནང་གི་མ་འཇོག་འཆར་གཞི་དུས་ཚོད་དམ་འཛིན་ངང་དོན་འཁྱོལ་བྱས་ནས་ལྕགས་ལམ་དང་། ཆུ་བེད་གལ་ཆེན། གནམ་ཐང་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་པ་དང་ཀྲུང་དབྱང་ནོར་སྲིད་སྔོན་རྩིས་ནང་གི་མ་འཇོག་ཛ་དྲག་ངང་དོན་འཁྱོལ་བྱས་ནས་ཧོ་ཧྲེན་ཧྲན་སྨན་ཁང་དང་། ལེ་ཧྲེན་ཧྲན་སྨན་ཁང་། སྟབས་བསྟུན་སྨན་ཁང་སོགས་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཐད་སྤྱད་པ་རེད།

    གོམ་སྟབས་རྗེས་མར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་སྔོན་རྩིས་ནང་གི་མ་འཇོག་གང་མགྱོགས་དོན་འཁྱོལ་ཡོང་བ་བྱེད་པ་དང་། ས་ཁུལ་གྱིས་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་རྣམ་གྲངས་གང་མགྱོགས་གྲ་སྒྲིག་བྱེད་དགོས་པའི་སྒྲིག་འཛུགས་བྱེད་པ། མ་འཇོག་རྣམ་གྲངས་གསར་པའི་ལས་འགོ་འཛུགས་ཤུགས་སྔར་བས་ཆེ་རུ་གཏོང་བ། བསྐྲུན་བཞིན་པའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། གསོག་འཇོག་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། མ་རྩ་བརྟན་པོ་ཡོང་བའི་ལས་དོན་ཁག་ཧུར་ཐག་སྒྲུབ་པ་བཅས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།