དབུ་ཤོག>གསར་འགྱུར།
  • བོད་སྐྱོར་སྟོབས་ཤུགས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་མདུན་མར་བསྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-06

    གསར་འགོད་པར་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་འགོ་ཚུགས་ཚུན་དུ་ལྗོངས་ཡོངས་ཀྱི“1+7”སྨན་ཁང་གི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རིགས་གཅིག་མཁས་ཅན་ཚོགས་པ་དང་བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་པ་རེད།

    རིམས་ནད་ཐོན་རྗེས་སུ་རང་སྐྱོང་ལྗོངས་དང་། ལྷ་ས་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་མི་དམངས་སྨན་ཁང་གི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་གི་སྣེ་ཁྲིད་པས་རང་འགུལ་ངང་འཁོར་ཞག་བློས་གཏོང་གིས་བོད་དུ་བསྡད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནང་ཞུགས་པ་དང་སྦྲགས། རུ་ཁག་ཁག་གི་རུ་མིར་འཁོར་ཞག་མཚམས་བཞག་ནས་འཕྲལ་དུ་ཕྱིར་ལོག་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཞུགས་དགོས་པའི་སྐུལ་སློང་བྱས་པ་དང་ཆབས་ཅིག བོད་སྐྱོར་ཚོགས་པའི་ཆེད་ལས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་སྨན་ཁང་ཁག་གིས་དུས་ཐོག་ཏུ་འབྲེལ་ཡོད་ཚན་ཁག་གི་ཆེད་ལས་མི་སྣར་གསོ་སྦྱོང་དང་འགོག་སྲུང་ལག་རྩལ་གྱི་བཀོལ་སྤྱོད་ནང་སྦྱོང་བྱེད་པའི་སྒྲིག་འཛུགས་བྱས་ཏེ། ཁྱོན་ཡོངས་ནས་ཏོག་གསར་གློ་ཚད་སྔོན་འགོག་དང་། ནད་བརྟག་སྨན་བཅོས། ཚོད་འཛིན་ལག་རྩལ་སོགས་འཕྲལ་མཁོ་ཆེ་བའི་རྩལ་ནུས་ཤེས་བྱ་ཁོང་དུ་ཆུད་ཐབས་བྱས་པ་རེད། བོད་དུ་ལོག་རྗེས། གཏན་འབེབས་ལྟར་ཁྱིམ་དུ་ལོགས་འཇོག་བྱེད་རིང་། བོད་སྐྱོར་རིགས་གཅིག་མཁས་ཅན་མང་པོ་ཞིག་གིས་ཁ་པར་དང་བརྙན་ལམ་སོགས་བརྒྱུད་སྨན་ཁང་དང་ཚན་ཁག་གི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་བཀོད་འདོམས་མཐུན་སྦྱོར་དང་། ཚ་བ་རྒྱས་པའི་ནད་པར་ནད་བརྟག་སྨན་བཅོས་བྱེད་པ་སོགས་ནང་ཞུགས་པ་མ་ཟད། སྣེ་ཁྲིད་ནས་རྒྱང་ཁྲིད་གཞུང་དོན་སྒྲུབ་པའི་ལས་སྟེགས་དང་རྒྱང་ཁྲིད་ཚོགས་འདུའི་ལས་སྟེགས་བཏོད་པ་དང་། དྲ་བའི་རིམས་འགོག་ཚན་རྩལ་ཁྱབ་གདལ་བརྙན་ལམ་བཟོ་བ། སེམས་ཁམས་ཀྱི་བློ་འདྲིའི་ཁ་པར་ཉན་པ། འབྲེལ་ཡོད་ཀྱི་བློ་འདྲི་མཁོ་འདོན་བཅས་བྱས་པ་རེད།

    དེ་དང་ཆབས་ཅིག “1+7”སྨན་ཁང་གི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རིགས་གཅིག་མཁས་ཅན་ཚོགས་པ་དང་བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་རིམས་འགོག་དངོས་ཟོག་གྲབས་གསོག་བྱས་པ་རེད། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་རྒྱབ་སྐྱོར་འོག ལྗོངས་ཡོངས་ཀྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་བོད་སྐྱོར་མ་དངུལ་དང་། རྒྱབ་ཕྱོགས་སྨན་ཁང་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་མཐུན་སྦྱོར་བྱས་ཏེ། རིམས་འགོག་མ་དངུལ་སྒོར་ཁྲི་760.53བཏང་བ་རེད། གཞན་ཡང་། ཕྱོགས་མང་པོ་ནས་སྤྱོད་གཅིག་མའི་ཁ་རས་ཁྲི་63.25ལྷག་ཙམ་དང་། ཁ་རས་N95དང་དེ་མཚུངས་ཀྱི་འགོག་སྲུང་རིམ་པའི་ཁ་རས་ཁྲི་6.21ལྷག་ཙམ། ལོགས་དབྱེའི་གྱོན་གོས་3111འགོག་སྲུང་གྱོན་གོས་5884 སྤྱོད་གཅིག་མའི་ལག་ཤུབས་ཆ་ཁྲི་8.29ལྷག་ཙམ། མིག་ཤེལ་3549 ཚ་བ་འཇལ་བྱད་1360 ནད་དུག་བརྟག་དཔྱད་ཀྱི་ཚོད་ཤོག་སྒམ་1048 དུག་སེལ་སྨན་ཆུ་ཏུན་16དང་ནད་དུག་འགོག་བྱེད་སྨན་རྫས་སྒམ་ཆུང(ཤེལ་དམ)ཁྲི་2.32ལྷག་ཙམ་བཅས་གྲབས་གསོག་བྱས་པ་རེད། མིག་སྔའི་བར། མ་དངུལ་དང་དངོས་ཟོག་ཚང་མ་འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་འགོ་ཁྲིད་ཚོགས་ཆུང་གིས་གནས་གཏན་འཁེལ་གྱི་སྨན་ཁང་དང་རྫོང་ཆུས་ཀྱི་རིམས་འགོག་འཐབ་ས་དང་པོར་སྤྱོད་རྒྱུར་བགོས་ཟིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།