དབུ་ཤོག>གསར་འགྱུར།
  • དངུལ་དང་དངོས་རྫས་ཞལ་འདེབས་སྒོར་དུང་ཕྱུར་2.23ལྷག་ཙམ་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-05

    360截图16460522806791.png

      འདི་ནི་ཟླ་2ཚེས་29ཉིན། ལྷོ་ཁ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རང་འགུལ་ངང་ཞལ་འདེབས་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱེད་བཞིན་པ།

     ཚེས་3ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཏེ། རང་ལྗོངས་ཀྱིས་རིམས་ནད་འགོག་རྒོལ་གྱི་དངུལ་དང་དངོས་རྫས་ཞལ་འདེབས་ཧུར་ཐག་བརྒྱབ་པ་དང་དེ་བཞིན་ཧུའུ་པེ་སོགས་ལ་རོགས་སྐྱོར་བྱས་ཚུལ་ངོ་སྤྲོད་བྱས་པ་རེད། ཟླ་3ཚེས་1ཉིན་བར་ལྗོངས་ཡོངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མ་དངུལ་དང་དངོས་རྫས་ཞལ་འདེབས་བརྒྱབ་པ་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི་22309.9ཟིན་པ་ལག་འབྱོར་བྱུང་ཡོད། དེའི་ནང་ལྗོངས་ནང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཁ་ཕྱོགས་ནས་དངུལ་དང་དངོས་རྫས་ཞལ་འདེབས་བརྒྱབ་པ་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི་12474.81196ཟིན་པ་དང་ལྗོངས་ཕྱིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཁ་ཕྱོགས་ནས་དངུལ་དང་དངོས་རྫས་ཞལ་འདེབས་བརྒྱབ་པ་མི་དམངས་ཤོག་སྒོར་ལ་ཕབ་ན་ཁྱོན་སྒོར་ཁྲི་9835.094033ཟིན་ཡོད།

    ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་བྱ་རྒྱུར་འགོ་ཁྲིད་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་།  ལས་བྱེད་ལས་བཟོ། མི་རིགས་ཁག་གི་མང་ཚོགས། ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མི་རིགས་ཆོས་ལུགས་མི་སྣ། སྤྱི་ཚོགས་ཚོགས་པ་སོགས་ཀྱིས་སེམས་པ་རིམས་ཁུལ་གྱི་མི་དམངས་ལ་བཅངས་ཤིང་། “ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཚང་མས་རོགས་སྐྱོར་བྱེད་པའི”སྙིང་སྟོབས་དར་སྤེལ་གང་ལེགས་བཏང་སྟེ། ཧུའུ་པེ་ཞིང་ཆེན་དང་། སི་ཁྲོན་ཞིང་ཆེན། རང་ལྗོངས་བཅས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་དངུལ་དང་དངོས་རྫས་ཞལ་འདེབས་བརྒྱབ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་གཅེས་སེམས་མཚོན་པ་དང་སྟོབས་ཤུགས་སྐྱེས་སུ་ཕུལ་བ་མ་ཟད། དཀའ་ཉེན་ལ་མི་སྐྲག་པར་བློ་སྟོབས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཀྲུང་ཧྭ་མི་རིགས་ཀྱི་ངོ་མཚར་ཆེ་བའི་ལེའུ་ཞིག་ཀྱང་བརྩམས་ཡོད།

    རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོ་གང་ཐུབ་ཅི་ཐུབ་སྐོང་ཆེད། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་དངོས་རྫས་འགན་ལེན་ཚོགས་ཆུང་གིས་ལྗོངས་ཕྱི་ནང་གི་རིམ་ཁག་རྩ་འཛུགས་དང་། སྤྱི་ཚོགས་ཚོགས་པ། ཐོན་སྐྱེད་ཁེ་ལས་བཅས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་ཐབས་བརྒྱ་ཇུས་སྟོང་ངང་གྲབས་གསོག་བྱས་ཤིང་། ཟླ་3ཚེས་1ཉིན་བར་ཁ་རས་སྣ་ཚོགས་ཁྲི་107དང་། འགོག་སྲུང་གྱོན་ཆས་ཁྲི་1.1ལྷག་ཙམ། དམར་ཕྱིའི་ལུས་དྲོད་བརྟག་ཆས་ཆ་ཚང་34 ལག་ཁྱེར་དམར་ཕྱིའི་ཚ་བ་བརྟག་ཆས་3700ཙམ། མིག་སྲུང་མིག་ཤེལ་2300ཙམ། ལག་ཤུབས་སྤྱོད་གཅིག་མ་ཁྲི་21ཙམ། སྨན་སྤྱོད་ཅིའུ་ཅིང་ཧྲེང་ཁྲི་1.7ཙམ། དུག་སེལ་སྨན་ཆུ་ཧྲེང་ཁྲི་3.3ལྷག་ཙམ་བཅས་གྲབས་གསོག་བྱས་ཡོད། རང་ལྗོངས་ཀྱིས་ལྗོངས་ནང་ཁུལ་གྱི་དམིགས་བཙུགས་མིན་པའི་ཞལ་འདེབས་དངུལ་སྤྱད་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་ཁག་དྲུག་ཉོས་པར་ཁྱོན་སྒོར་ཁྲི་476.708བཏང་ཡོད།

    དུས་མཚུངས་སུ་ཧུའུ་པེས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པར་རོགས་སྐྱོར་བྱེད་པ་དང་ཧུའུ་པེས་དུས་ཡུན་རིང་པོའི་ནང་བོད་ལ་རོགས་སྐྱོར་བྱས་པའི་དྲིན་ལན་འཇལ་ཆེད། མིག་སྔའི་བར་རང་ལྗོངས་ཀྱིས་སྒོར་ཁྲི་1790.2རི་བའི་རང་བྱུང་འཐུང་ཆུ་ཏུན་3826དང་། ཚགས་ཤ་ཏུན་50 བོད་ཕག་ཏུན་60སོགས་སྔ་རྗེས་སུ་གྲབས་གསོག་ཐེངས་གཉིས་བྱས་ཏེ། ཧུའུ་པེའི་ཝུའུ་ཧན་དང་། ཧོང་ཧྲེ། ཧྲེ་ཡན་སོགས་ལ་བསྐྱལ་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་ཧུའུ་པེའི་མི་དམངས་ཀྱི་སེམས་པ་གཅིག་ཏུ་འབྲེལ་བ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་བརྩེ་དུང་ཟབ་མོ། བོད་ཀྱིས་ཧུའུ་པེ་དང་མཉམ་དུ་ཀུན་སེམས་གཅིག་སྒྲིལ་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་པའི་ཆོད་སེམས་བརྟན་པོ་བཅས་མཚོན་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཞལ་འདེབས་བརྒྱབ་པའི་དངུལ་དང་དངོས་རྫས་ཚང་མ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོགས་ཆུང་གི་དངོས་རྫས་འགན་ལེན་ཚོགས་ཆུང་གིས་གཅིག་གྱུར་ཐོག་སྤྱི་འདོམས་བཀོད་སྒྲིག་དང་བཀོད་སྒྲིག་བེད་སྤྱོད་བྱས་དང་བྱེད་བཞིན་ཡོད། མིག་སྔར་རང་ལྗོངས་ཀྱི་ཞལ་འདེབས་དངུལ་དངོས་ལ་དོ་དམ་བྱེད་ཚུལ་ཚད་དང་ལྡན་པ་དང་། རྩིས་སྤྲོད་རྩིས་ལེན་གྱི་འགྲོ་ལུགས་འཐུས་སྒོ་ཚང་བ། ཞལ་འདེབས་དངུལ་དངོས་ཁྲིམས་དང་མ་མཐུན་པར་སྒེར་སྤྱོད་བྱས་པ་དང་། བཙན་ཉར་བྱས་པའམ་ཡང་ན་ཧམ་བཟུང་བྱས་པ། ཞལ་འདེབས་དངུལ་དངོས་སྤྱོད་ཡུལ་རང་དགར་བསྒྱུར་བ་སོགས་ཀྱི་བྱེད་སྤྱོད་ཐོན་མེད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།