དབུ་ཤོག>གསར་འགྱུར།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་ལ་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཤུགས་ཆེན་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-03-04

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་རྒྱལ་སའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྤྲིངས་པའི་འཕྲིན་ལན་དེ་ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས་གླེང་མང་བའི་བརྗོད་གཞིར་གྱུར་ཡོད།

    “བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་རྒྱལ་སའི་ལྕཌ་དང་ངར་ལྕཌ་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་གནང་བ་ལས། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣའི་ལས་དོན་དང་། སློབ་སྦྱོང་། འཚོ་བ་བཅས་ལ་ཐུགས་ཁུར་གནང་བ་མཚོན་པ་མ་ཟད། རྒྱ་ཆེའི་སྨན་དོན་མི་སྣར་གདེང་འཇོག་གང་ལེགས་དང་ཐུགས་རེ་ཟབ་མོ་ཡང་བཅོལ་གནང་ཡོད་པས། ང་ལ་སེམས་འགུལ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ། ང་ཚོ་སྨན་དོན་མི་སྣ་ཡོངས་ལའང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ཞེས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་དབང་རྒྱལ་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་དེ་ལྟར་བཤད།

    “སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནི་བོད་ཀྱི་ལོ་གསར་སྐབས་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་འབྱོར་བའི་ལོ་གསར་གྱི་ཕྱག་རྟགས་ཡག་ཤོས་ཤིག་རེད”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་པ་ཤེས་རྗེས། གྲ་ནང་རྫོང་གྲ་ཕྱི་ཤང་མངགས་གཏོང་ཁང་གི་སུའོ་ཀྲང་རྒོད་སྐྱེས་ཀྱིས་དེ་མུར་སྐད་འཕྲིན་བརྒྱུད་གཏམ་བཟང་དེ་མངགས་གཏོང་ཁང་གི་ལས་རོགས་དང་ནང་མིར་བཤད་ཅིང་། ཁོང་གིས་ང་ཚོས་ངེས་པར་དུ་མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ་ཕྱོགས་ཡོངས་ནས་རིམས་ནད་ལས་རྣམ་པར་རྒྱལ་རྒྱུ་མ་ཟད། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད།

    བསྟན་འཛིན་ལྷུན་གྲུབ་ནི་རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་མཁོ་འདོན་ཀུང་སིའི་ཉམས་བཟོ་ཁང་གི་ཁོངས་མི་ཡིན་པ་དང་། རིམས་ནད་ཐོན་རྗེས། ཏང་ཡོན་རྒན་གྲས་ཤིག་ཡིན་པའི་བསྟན་འཛིན་ལྷུན་གྲུབ་ཀྱིས་དཔྱིད་གསར་དུས་ཆེན་གྱི་ངལ་གསོ་བློས་བཏང་ནས་རང་འགུལ་ངང་ཞུ་ཡིག་ཕུལ་ཏེ། ཚན་ཁག་ཚོགས་ཆུང་གི་ཁོངས་མིའི་སྣེ་འཁྲིད་ནས་གྲོང་ཁྱེར་མི་དམངས་སྨན་ཁང་དང་། སྨན་རྩིས་ཁང་། རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་སོགས་གཙོ་གནད་ཁུལ་7ལ་ཉིན་ལྟར་གློག་ཆས་ལ་ཞིབ་བཤེར་ཐེངས་གཉིས་བྱེད་པ་དང་། ད་བར་བསྟན་འཛིན་ལྷུན་གྲུབ་ཀྱིས་བསྟུད་མར་ཉིན་40ལྷག་ཙམ་གློག་གཏོང་སྒྲིག་ཆས་ལ་ཞིབ་བཤེར་གྱི་ལས་དོན་བསྒྲུབས་ཡོད།

    “རྒྱལ་ཡོངས་གོང་འོང་ཚང་མས་རིམས་འགོག་ལས་དོན་ཧུར་ཐག་སྒྲུབ་པའི་དམིགས་བསལ་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཛད་བྲེལ་ཆེ་ཡང་། པེ་ཅིང་སློབ་ཆེན་གྱི་རྒྱལ་སའི་ལྕགས་དང་ངར་ལྕགས་བཟོ་གྲྭའི་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་སྐུ་ངོ་མས་འཕྲིན་ལན་སྤྲིངས་པ་མ་ཟད་། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པས། ང་ཚོར་སེམས་འགུལ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ང་རང་སྨན་པ་མིན་པས་ནད་པར་སྨན་བཅོས་བྱེད་ཐབས་བྲལ། ཡིན་ནའང་ང་ནི་གློག་ཤུགས་ལས་དོན་པ་ཞིག་ཡིན་ལ་གུང་ཁྲན་ཏང་ཡོན་ཞིག་ཀྱང་ཡིན་པས། ངས་ངེས་པར་དུ་གློག་ཤུགས་ལས་དོན་པའི་འགན་འཁྲི་ཕྲག་ཏུ་ཁུར་ནས་བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད”པའི་འགན་འཁྲི་ཁུར་སེམས་ལ་བརྟེན་ནས་རིམས་ནད་ཐོན་རིང་། གློག་འགན་ལེན་བྱེད་པའི་འཐབ་ས་མདུན་མར་འབད་འཐབ་བྱས་ནས་སྨན་ཁང་སོགས་གཙོ་གནད་ཁུལ་ལ་གློག་འགན་ལེན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བསྟན་འཛིན་ལྷུན་གྲུབ་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།