དབུ་ཤོག>གསར་འགྱུར།
  • ཐོན་ལས་འཕེལ་རྒྱས་བཏང་སྟེ་དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-23

    ཉེ་ཆར། ཀོང་ཀྲོའུ་རུ་འཚོགས་པའི་སྐབས་དང་པོའི་རྒྱལ་སྤྱིའི་རྒུན་འབྲུམ་ཨ་རག(ཀྲུང་གོའི)བྱ་དགའ་ཡོད་པའི་འགྲན་བསྡུར་ཆེ་མོའི་ཐོག བོད་ལྗོངས་ཁྲང་ཀུང་ཧུང་ཐེན་ལུའུ་ཨར་ཁང་ལ་གསེར་གྱི་བྱ་དགའ་ཐོབ་པ་རེད། དེ་ནི་ཞ་མོན་གཞུང་ཁོངས་ཁེ་ལས་ཀྱིས“ཚོང་ལས་ལ་བརྟེན་ནས་ཚོང་འགུགས”དང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་དུ་གཞིས་ཆགས་པའི་དམངས་གཉེར་ཁེ་ལས་ཤིག་ཡིན་ཞིང་། མཛོ་སྒང་ནས་ཐོན་པའི་རྒུན་འབྲུམ་གྱི་ཚོང་ལམ་གནད་དོན་ཐག་གཅོད་བྱ་ཆེད་ལས་སྣོན་ཞིབ་ཚགས་ཀྱི་ཐབས་ལམ་གསར་པ་མཁོ་འདོན་བྱས་པ་མ་ཟད། མང་ཚོགས་2000ལྷག་ཙམ་གྱི་ལས་ཞུགས་ལ་སྣེ་ཁྲིད་བྱས་པ་རེད།

    2017ལོར། ཞ་མོན་གྲོང་ཁྱེར་རྒྱལ་ཁབ་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་ཁང་གི་འགན་འཁུར་བས་མ་རྐང་འཇོག་མཁན་4ཡི་མཐོ་རིམ་དོ་དམ་པའི་སྣེ་འཁྲིད་དེ་མཛོ་སྒང་དུ་བརྟག་དཔྱད་མཐིལ་རྟོགས་བྱེད་པར་བསྐྱོད། ཀྲུང་གླིང་ཤང་གི་མུའུ་ཁྲི་ཡི་རྒུན་འབྲུམ་རྟེན་གཞིར་བརྟག་དཔྱད་བྱེད་སྐབས། ཁོང་ཚོས་ས་གནས་དེའི་ས་མཐོའི་སྣོད་བཅུད་རྒུན་འབྲུམ་སྐྱེ་འཚར་ཡག་པོ་ཡོད་པ་ཤེས། འོན་ཀྱང་། རྒུན་འབྲུམ་སྙོལ་བཟོ་སོགས་ཀྱི་ལས་སྣོན་ཞིབ་ཚགས་ཀྱི་ལག་རྩལ་མི་འདང་བས་ཞིང་ཞོར་ཐོན་རྫས་ཀྱི་ཟུར་བསྣན་རིན་ཐང་མཐོ་རུ་འགྲོ་རྒྱུར་ཤུགས་རྐྱེན་ངན་པ་བཟོས་ཡོད། གནས་ཚུལ་དེར་ས་གནས་དེ་གའི་ལས་བྱེད་པ་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།

    2018ལོའི་ཟླ་11པར། ཞ་མོན་གྱི་ཁྲེང་ཀུང་ཧུང་ཀུང་སིས་མཛོ་སྒང་དུ་བོད་ལྗོངས་ཁྲང་ཀུང་ཧུང་ཐེན་ལུའུ་ཨར་ཁང་ཚད་ཡོད་ཀུང་སི་བཙུགས་པ་དང་། མཛོ་སྒང་ཀྲུང་གླིང་ཤང་གི་མུའུ་ཁྲི་ཡི་རྒུན་འབྲུམ་རྟེན་གཞིའི་རྣམ་གྲངས་ཀྱི་འགན་འཁུར་ཡོད། 2019ལོའི་ཟླ་9པར། སྙོལ་བཟོའི་འཁོར་ཁང་གིས་རྒུན་འབྲུམ་ཨ་རག་སྙོལ་འགོ་བཙུགས་པ་དང་། ཐོན་འབབ་ལེགས་པའི་དུས་སུ་སྔོན་དཔག་བྱས་ན་སྐྱེ་ལྡན་རྒུན་འབྲུམ་ཨ་རག་ཏུན་3000ཐོན་རྒྱུ་དང་། ལོར་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་3ཡན་ཟིན་རྒྱུ་རེད། འོན་ཀྱང་ཞ་ཁང་ཀུང་སིས་རྒུན་འབྲུམ་ཨ་རག་50%ཡི་བྲིན་ཚོང་ཐབས་ལམ་ཐག་གཅོད་བྱ་རྒྱུའི་འགན་འཁུར་ཡོད་པ་རེད།

    2019ལོའི་ཟླ་7པར། ཞ་ཁང་ཀུང་སིས་མཛོ་སྒང་རྫོང་བལ་ཐོག་ཤང་གི་མཉམ་ལས་ཁང་7གྱི་འགན་འཁུར་བ་དང་ཤ་མོ་སོས་པ་སོགས་ཡུལ་ཟོག་མངགས་ཉོའི་ལས་སྒོར་གྲོས་མོལ་བྱས་ཏེ། མ་དཔེ་བསྡུ་རུབ་དང་དེ་བཞིན་ཁག་ཐེངས་བཞི་ཡི་ཐོན་རྫས་ཀྱི་སྤུས་ཚད་ལ་ཞིབ་དཔྱད་དང་། ཐུམ་སྒྲིལ་ཇུས་འགོད་དང་ཉོ་སྒྲུབ། ཟོག་འགྲེམས་ཚོད་ལྟ་ཐེངས་གཉིས་བཅས་ལེགས་སྒྲུབ་བྱུང་ནས་མཛོ་སྒང་ནས་ཞ་མོན་དུ་སྐྱེལ་བའི་ཤ་མོ་སོས་པ་སྐྱེལ་འདྲེན་གྱི་བགྲོད་ལམ་བཏོད་ཡོད།

    2019ལོའི་ཟླ་9པ་ནས་10པ་བར། ཞ་མོན་གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་ཨུ་ལྷན་དང་། ཞ་མོན་གྱི་གཞུང་ཁོངས་ཁེ་ལས་མང་པོ་ཞིག་གི་བཟོ་ཚོགས། རྒྱབ་ཕྱོགས་མ་རྐང་ཚན་པ་སོགས་ཀྱི་རྒྱབ་སྐྱོར་འོག ཞ་ཁང་ཀུང་སིས་མ་དངུལ་སྒོར་ཁྲི་85བཏང་སྟེ་མཛོ་སྒང་རྫོང་བལ་ཐོག་ཤང་གི་ཞིང་འབྲོག་པའི་མཉམ་ལས་ཁང་ནས་ཤ་མོ་སྐམ་པོ་སྤྱི་རྒྱ་650ཙམ་ཉོ་སྒྲུབ་བྱས་ནས། ས་གནས་དེ་གའི་ཞིང་འབྲོག་པ་དང་དུད་ཚང་དབུལ་པོར་ཡོང་འབབ་འཕར་སྣོན་ཡོང་རོགས་བྱས་ཤིང་། དེའི་རིང་ཞ་ཁང་ཀུང་སིས་ད་དུང་ཞིང་འབྲོག་པར་ཐོན་རྫས་ཀྱི་རྒྱུ་སྤུས་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་ས་གཤིས་ཀྱི་ཚོང་རྟཌ་ཐོན་རྫས་གཏོད་རྒྱུར་རྨང་གཞི་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།