དབུ་ཤོག>གསར་འགྱུར།
  • གནས་སྤོས་དབུལ་སྐྱོར་བྱས། དབུལ་པོའི་གནས་ལས་བསྒྲལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2020-02-21

    “གནས་སྤོས་ཚེ་རི་ཁུག་ནང་སྐྱོ་པོར་སྡོད་པ་ལས་ལེགས་པ་ཡོད”“ང་ཚོས་རང་འགུལ་ངང་གནས་སྤོ་རྒྱུའི་རེ་བ་བཏོན་པ་ཡིན”“ས་ཆ་འདི་ནས་ཁ་བྲལ་ཚེ་འཚོ་བ་གསར་པ་སྐྱེལ་ཐུབ”སོཌ་སྲིད་གཞུང་གིས་དཔའ་ཤོད་རྫོང་ཐང་དཀར་གྲོང་རྡལ་གྱི་ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་དེ་བཞིན་ཉེན་ཡོད་སྡོད་ཁང་ནང་སྡོད་མཁན་མང་ཚོཌ་གནས་སྤོ་རྒྱུའི་འཆར་གཞི་འགོད་བཞིན་ཡོད་པ་ཐོས་སྐབས་ཐང་དཀར་གྲོང་རྡལ་གནམ་པ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དོན་གྲུབ་དཔལ་ལྡན་དང་གྲོང་མི་ཚོ་དགའ་ཐག་ཆོད།

    2019ལོའི་ཟླ་7པར་དོན་གྲུབ་དཔལ་ལྡན་ཚུད་པའི་ཐང་དཀར་གྲོང་རྡལ་གྱི་དུད་ཚང་72ཀྱི་མི་423དཔའ་ཤོད་རྫོང་པད་མ་གྲོང་རྡལ་གྱི་ཡུལ་གཞན་དུ་གནས་སྤོས་གཤས་པ་བཀོད་སྒྲིག་བྱ་ཡུལ་དུ་གནས་སྤོས། བཀོད་སྒྲིག་བྱ་ཡུལ་དེར་དཔའ་ཤོད་རྫོང་གི་ཤང་དང་གྲོང་རྡལ་11གི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དུད་ཚང་657གྱི་མི་3343སྤོ་རྒྱུ་ཡིན་པ་དང་མིག་སྔར་མང་ཚོཌ་ཚང་མ་སྤོས་ཟིན་པ་རེད།

    དཔའ་ཤོད་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དཔའ་ཤོད་རྫོང་གིས་2016ལོ་ནས་བཟུང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་ལས་དོན་སྤེལ་ཚུན། ཁྱོན་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་16(ཡངས་པ་ཅན་གྱི་བཀོད་སྒྲིག་བྱ་ཡུལ་2ཀྱི་དུད་ཚང་26གི་མི་145ཚུད་མེད)དུ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་དུད་ཚང་1755ཡི་མི་9364སྤོ་རྒྱུའི་འཆར་གཞི་ཡོད་པ་དང་མིག་སྔར་བཀོད་སྒྲིག་བྱ་ཡུལ་16ཚང་མ་བསྐྲུན་ཟིན་པ་དང་སྦྲགས་མང་ཚོགས་སྤོས་ཟིན་ནས་མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བར་ལེགས་བཅོས་ཆེན་པོ་བྱུང་ཡོད་པ་རེད།

    གནས་རབས་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་དེ་སྐྱ་རི་ཤང་དང་། ཡངས་པ་ཤང་། ཝ་ཤང་བཅས་ཤང་གསུམ་དང་འབྲེལ་བ་ཡོད་པ་དང་། རྒྱལ་མོ་རྔུལ་ཆུའི་ངོགས་སུ་གནས་ཤིང་། རི་མཐོ་ལ་གཡང་གཟར་བས་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་དང་། འགྲིམ་འགྲུལ་སྟབས་བདེ་མེད་པ། ཐོན་སྐྱེད་ཀྱི་རྒྱུ་ཆ་དཀོན་པ་བཅས་རེད། དེར་བརྟེན་སྲིད་གཞུང་གིས་ཤང་ཧྲིལ་པོ་གནས་སྤོས་ནས་ས་གནས་དེ་གའི་མང་ཚོགས་ལ“དབུལ་པོའི་གནས་ལས་སྒྲོལ་བ”དང“ཡོང་འབབ་ཡོད་པའི་ཐོན་ལས་ལས་གཉེར་བ”“དབུལ་སྒྲོལ་མཐར་ཕྱིན་བྱེད་པ”བཅས་ལ་རམ་འདེགས་བྱས་ཡོད།

    དཔའ་ཤོད་རྫོང་སྤྱི་དར་ཤང་ནི་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ཚབས་ཆེ་བའི་ཁུལ་ཞིག་ཡིན་པ་དང་། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་གྲུམ་བུ་ཚིཌ་ཆེན་གྱི་ནད་ཕོག་མཁན་གྱི་ན་ཚ་ཚོད་འཛིན་དང་གསར་ཐོན་ནད་གཞི་ཐོན་རྒྱུ་བཀའ་འགོག་བྱ་ཆེད། སྤྱི་དར་ཤང་གིས་ཆུ་དང་འབྲུ་རིཌ་ཀྱི་སྤུས་ཚད་ལེཌ་སུ་གཏོང་བའི་ཐད་ནུས་ཤུགས་བཏོན་པ་དང་། སྤྱི་དར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྷག་བསམ་ཆོས་སྒྲོན་གྱིས“2016ལོར་ང་ཚོས་སྤྱི་དར་གྲོང་ཚོའི་དུས་ཐེངས་དང་པོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་དང་དངོས་གྲུབ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་བཙུཌ་པ་དང་། 2018ལོར་སྤྱི་དར་གྲོང་ཚོའི་དུས་ཐེངས་གཉིས་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་བྱ་ཡུལ་བཙུཌ་ནས་བཀོད་སྒྲིག་བྱ་ཡུལ་གསུམ་པོར་ཁྱོན་མང་ཚོཌ་དུད་ཚང་73གྱི་མི་281གནས་སྤོས་པའི་ནང་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་མཁན་གནས་སྤོས་རྗེས་ན་ཚ་མངོན་གསལ་དོད་པོས་དྲག་སྐྱེད་བྱུང་ཡོད”ཅེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།